གཞས་མ་བཀྲ་ཤིས་ལྷ་འཛོམས་ཀྱི་ཆེདསྒྲིག་བརྙན་འཁོར་ཐོག་མ་མི་འགྱང་པར་ཚོང་རར་འགྲེམ་རྒྱུ་རེད།



  ཨེ་ཆིན་ཧེ་རོལ་མོ་སྒྲིག་སྦྱོར་ཀུང་སིས་ཉེ་ལམ་སྤེལ་བའི་གནས་ཚུལ་ལྟར་ན།
 2007ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་
ཕྱིན་པའི་གཞས་མ་བཀྲ་ཤིས་ལྷ་འཛོམས་ཀྱིས་མི་འགྱང་པར་རང་ཉིད་ཀྱི་ཆེས་
ཐོག་མའི་ཆེད་བསྒྲིགས་བརྙན་འཁོར«དཔྱིད་དུས་ཀྱི་རྨི་ལམ»ཞེས་པ་འགྲེམ་སྤེལ་
བྱེད་རྒྱུ་རེད། 
    གཞས་མ་བཀྲ་ཤིས་ལྷ་འཛོམས་ལ་སྤྱི་ལོ1999ལོར་རྒྱལ་ཡོངས་དམངས་ཁྲོད་སྒྱུ་རྩལ་
ཚོགས་པའི་གླུ་གཞས་འགྲན་སྡུར་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། “ནན་ཉིན་
རྒྱལ་སྤྱིའི་རྒྱུ་རྩལ་དུས་ཆེན”གྱི་དམིགས་བསལ་བྱ་དགའ་ཐོབ། 2006ལོར་རྒྱལ་ཡོངས་
ན་གཞོན་གླུ་བའི་འགྲན་སྡུར་ཁྲོད་ཀྱི་གཉུག་མར་གནས་པའི་ལེན་སྟངས་ཀྱི་ཕུལ་བྱུང་
བྱ་དགའ་ཐོབ། 2001ལོ་ནས2008ལོར་བོད་ལྗོངས་དང་ཟི་ཁྲོན། མཚོ་སྔོན་སོགས་
ནས་བསྡུས་པའི་བོད་ལོའི་ལོ་སར་སྤྲོ་ཚོགས་སྟེང་ཞུགས་པར་མ་ཟད། སྔ་རྗེས་སུ་ཧྲང་
ཧེ་དང་པེ་ཅིན། ཆིན་ཏོ། ཀོང་ཞི། ཞིན་ཅ་ཕོ་སོགས་ས་ཁུལ་ལ་འཁྲབ་སྟོན་དུ་བསྐྱོད་མྱོང་།

20101012063656200.jpg

གཞས་མ་བཀྲ་ཤིས་ལྷ་འཛོམས་ཀྱི་ཆེད་སྒྲིག་བརྙན་འཁོར།


No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།