གཞས་ཚོགས《འབའ་ལྷག་དཀར་རྫོང་གི་ལྷན་འཛོམས》ཞེས་པའི་འགྲེམ་སྤེལ་པར་རིས་སྤེལ་བ།



གཞས་ཚོགས《འབའ་ལྷག་དཀར་རྫོང་གི་ལྷན་འཛོམས》ཞེས་པའི་འགྲེམ་སྤེལ་པར་རིས།
  ཉེ་ཆར་ཡུན་ནན་སེམས་ཀྱི་ཉི་ཟླའི་འགག་རོང་ཆེན་མོ་འབའ་ལྷག་དཀར་རྫོང་གནས་སྐོར་ཀུང་ཟིས་མ་དངུལ་སྒོར་ས་ཡ18བཏང་ནས་ཚད་རིམ་མཐོ་ཞིང་སྤུས་ཚད་ལེགས་པ། བོད་ཀྱི་རིག་གནས་ཉིང་བཅུད་ཀྱིས་ཕྱུག་པའི་གནས་སྐོར་གཞས་ཚོགས《འབའ་ལྷག་དཀར་རྫོང་གི་ལྷན་འཛོམས》ཞེས་པའི་འགྲེམ་སྤེལ་པར་རིས་སྤེལ་བ་རེད། 
  གཞས་ཚོགས་འདི་ནི་བཀྲ་ཤིས་ཉི་མ་དང་། ཀུན་དགའ། མདོ་བ་ཚེ་སྐྱིད། དབྱངས་ཅན་ལྷ་མཛེས། འཕྱོངས་ཞོལ་སྒྲོལ་མ། ཨ་ཅག་ཚན་སྡེབ། འཕྲིན་ལས་རྒྱ་མཚོ་སོགས་བོད་ཁུལ་གྱི་གླུ་བ་གླུ་མ་གྲགས་ཅན་དང་། ཚིག་དང་དབྱངས་རྩོམ་མཁན་གྲགས་ཅན་རྣམས་མཉམ་འབྲེལ་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན། འདིའི་ཁྲོད་དུ《འབའ་ལྷག་གི་ལྷན་འཛོམས》དང་། 《འབའ་ལྷག་དཀར་རྫོང》《རྩ་ཐང--ངའི་ཕ་ཡུལ》《ཤམ་བྷ་ལའི་འགག་རོང》《བརྩེ་བ་ནི་ཉི་འོད་ཉག་ཅིག་ཡིན》སོགས་སྙན་ཞིང་འཇེབས་པའི་གླུ་གཞས13འདུས། སེམས་ཀྱི་ཉི་ཟླའི་འགག་རོང་ཆེན་མོ་འབའ་ལྷག་དཀར་རྫོང་གི་ཁྱད་དུ་འཕགས་པའི་མཛེས་ལྗོངས་དང་། གླུ་བ་གླུ་མའི་ཚོགས་ཀྱི་ཁུ་བྱུག་སྔོན་མོའི་གྲེ་འགྱུར་ལྟར་རྣ་བའི་བདུད་རྩི་རུ་འགྱུར་བའི་སྙན་དབྱངས་ཀྱིས་སེམས་ཅན་ཀུན་གྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་ངེས་སོ། །
མཚོ་སྔོན་པོ་དྲ་བ།།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།