བསྟན་འཛིན་དགའ་བའི་གླུ་གཞས་ཆེད་བསྒྲིགས《སྲོང་བཙན་སྒམ་པོ》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ་བ།



བོད་ཀྱི་ན་གཞོན་གླུ་བ་བསྟན་འཛིན་དགའ་བའི་གླུ་གཞས་ཆེད་བསྒྲིགས《སྲོང་བཙན་སྒམ་པོ》།
          བོད་ཀྱི་ན་གཞོན་གླུ་བ་བསྟན་འཛིན་དགའ་བའི་གླུ་གཞས་ཆེད་བསྒྲིགས《སྲོང་བཙན་སྒམ་པོ》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ་བ་དང་། དེ་ནི་སྨན་བླ་སྐྱབས་ཀྱིས་གཞས་ཚིག་བརྩམས་པ་དང་འཇམ་དབྱངས་བསྟན་འཛིན་གྱིས་དབྱངས་བརྩམས་ཤིང་། གླུ་གཞས་འདིས་ཕ་སྐད་ཀྱི་རྣམ་པ་ཡོངས་སུ་མངོན་ཡོད་པ་རེད།  དེ་མིན་ཆེད་བསྒྲིགས་འདིའི་ནང་གླུ་བ་མིང་གྲགས་རིག་འཛིན་སྒྲོལ་མ་དང་བློ་སྒྲོལ་སྐྱིད་གཉིས་ཀྱི་གླུ་གཞས་ཀྱང་ཡོད་པ་ཡིན། 
          བསྟན་འཛིན་དགའ་བ་ནི་ཁམས་པའི་གནས་མཆོག་རྫོགས་ཆེན་རྩྭ་ཐང་དུ་འཚར་ལོང་བྱུང་བའི་ན་གཞོན་གླུ་བ་ཞིག་ཡིན་ཞིང་།  མཐའ་ཡས་པའི་རྩྭ་ཐང་དང་དྭངས་བསིལ་གྱི་ཆུ་མིག་ལས་ཁོ་བོར་རང་བྱུང་གི་སྐད་ངག་སྙན་མོ་འདི་བསྩལ་བ་དང་།  ཁོ་རང་ཆུང་དུས་ནས་བཟུང་རང་ཉིད་ཀྱི་བརྩེ་སེམས་དང་དུངས་བ་ལས་མི་རྣམས་ལ་འགྱུར་ཁུགས་ཀྱིས་ཕྱུག་པའི་བོད་ཀྱི་སྒྲ་སྙན་རྡུང་ལེན་དང་བོད་ཀྱི་རྒྱུན་སྲོལ་གླུ་གཞས་གང་མང་བླངས་མྱོང་བ་རེད།  སྔ་གཞུག་ཏུ《བོད་ལ་ལས་འབྲས་བྱུང་བ》ཞེས་པ་དང་།  《གངས་འདབས་ཀྱི་བརྩེ་བ་དངོས》།  《ཁྲོ་ལ་རི་ཡི་འོད་ཟེར》། 《མི་ཡུལ་དུ་བཞག་པའི་ལྷད་མེད་བརྩེ་སེམས》།  《ཁམས་དྲུག་གནས་རི》སོགས་ཆེད་བསྒྲིགས་འགྲེམ་སྤེལ་བྱས།  
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།