དབང་མོའི་གཞས་གསར《བཀྲ་ཤིས་བདེ་ལེགས》ཞེས་པར་བོད་ཀྱི་ལོ་སར་དགོང་ཚོགས་སྟེང་དགའ་བསུ་ཐོབ་པ།



གླུ་མ་དབང་མོས་གཞས་ཕུལ་པ།
          ཉེ་ལམ།  བོད་ལྗོངས་བརྙན་འཕྲིན་ཁང་གི2012ལོའི་བོད་ཀྱི་ལོ་སར་དགོང་ཚོགས་གཏོང་བཞིན་ཡོད་ཅིང་།  གངས་ལྗོངས་སྲས་མོའི་མཚན་བཟང་རྒྱས་པའི་གླུ་མ་དབང་མོས་དགོང་ཚོགས་སྟེང《བཀྲ་ཤིས་བདེ་ལེགས》ཞེས་པའི་གཞས་གསར་ཕུལ་ཏེ་ཚོགས་ཞུགས་གཟིགས་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་།  གཞས་གསར་ནང་རྟེན་འབྲེལ་དང་བཀྲ་ཤིས་སྨོན་འདུན་སོགས་ཀྱི་ཁ་གཡང་སྟུག་པས་ལོ་སར་གྱི་སྤྲོ་དགའི་རྣམ་པ་དང་ཡོངས་སུ་མཐུན་ཡོད།
          དེ་སྔོན་ཁོ་མོ་ད་དུང་ཁམས་པའི་བརྙན་འཕྲིན་ཁང་དང་ལྷ་སའི་བརྙན་འཕྲིན་ཁང་གཉིས་ཀའི་བོད་ཀྱི་ལོ་སར་དགོང་ཚོགས་ཕབ་སྐྲུན་ལ་ཞུགས་ཤིང་། ཚེས21ཉིན་ཏེ་ལོ་སར་གནམ་གང་ལ་བརྙན་འཕྲིན་འདི་གསུམ་གྱིས་དུས་གཅིག་ཏུ་བཏང་ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན་དབང་མོའི་གཞས་གསར་ཆེད་བསྒྲིགས་དེ་ད་ལོར་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་རེད།
          རྒྱུས་ལོན་པ་ལྟར་ན།  བརྙན་འཕྲིན་དགོང་ཚོགས་འདི་རིགས་ནང་བོད་ཀྱི་གླུ་བ་གླུ་མ་མང་པོ་ཞུགས་ཡོད་པ་མ་ཟད་ཡུལ་དངོས་སུ་སོ་སོའི་སྙན་འཇེབས་ཀྱི་གླུ་གཞས་ཕུལ་ཏེ་བོད་ཀྱི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས། 
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།