ཨ་ཅག་ཚན་སྡེབ་ཀྱིས་སྲོག་ཆགས་འཁྱམ་པོ་ལ་གཟིགས་རྟོག་བྱེད་པ།



ཨ་ཅག་ཚན་སྡེབ་ཀྱིས་སྲོག་ཆགས་འཁྱམ་པོ་ལ་གཟིགས་རྟོག་བྱེད་པ།
          ཨ་ཅག་ཚན་སྡེབ་ཀྱིས་དུས་ཡུན་རིང་བོར་བྱམས་བརྩེའི་བྱ་འགུལ་གང་མང་སྤེལ་ཞིང་། ཉེ་ལམ《ཨ་ཅག   ཟླ་ངོགས་སུ་བསྐྱོད་པ》ཞེས་པའི་ཆེད་བསྒྲིགས་གསར་བའི་ལས་ལ་གཞོལ་བ་དང་ཆབས་ཅིག   “པེ་ཅིང་གཅེས་གཉེར་ཉིན་མོ”ཞེས་པའི་ཁྱབ་སྒྲོག་བྱ་འགུལ་སྤེལ་ཏེ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར“གཅེས་གཉེར་གྱིས་ཉོ་ཚོང་གི་ཚབ་བྱེད་པ”ཞེས་དྲིལ་སྒྲོག་སྒོས་སྲོག་ཆགས་འཁྱམ་པོ་དག་ལ་དྲོད་ཁོལ་གྱི་ཁྱིམ་གཞིས་ཤིག་སྐྲུན་པ་རེད།

ཨ་ཅག་ཚན་སྡེབ་ཀྱིས་སྲོག་ཆགས་འཁྱམ་པོ་ལ་གཟིགས་རྟོག་བྱེད་པ།
          ཨ་ཅག་ཚན་སྡེབ་ནི་ཀྲུང་གོའི་བོད་རིགས་བུད་མེད་ཚན་སྡེབ་དང་པོ་ཡིན་པའི་ཆ་ནས། ཁོང་ཚོའི་ཁྱད་ལྡན་གཟི་ཉམས་དང་།    རང་བྱུང་གི་གླུ་སྐད་སྙན་མོ།  ཡིད་གར་འོང་བའི་ན་གཞོན་གྱི་གར་སྟེགས་གསོན་ཤུགས་སོགས་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་བྱེད་ཅིང་། དུས་ཡུན་རིང་བོར་བྱམས་བརྩེའི་བྱ་འགུལ་གང་མང་ལ་གཞོལ་བ་སྟེ། ནང་སྒོས་སུ་སྤྱི་ཕན་གྱི་གླུ་གཞས《བརྩེ་བ་ནི་འོད་ཐིག་ཞིག》ཅེས་པ་ནི་ཡུན་ནན་སེམས་ཀྱི་ཉི་ཟླའི་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་ཚབ་མཚོན་གླུ་གཞས་སུ་བདམས་ཡོད་པ་རེད།

ཨ་ཅག་ཚན་སྡེབ་ཀྱིས་སྲོག་ཆགས་འཁྱམ་པོ་ལ་གཟིགས་རྟོག་བྱེད་པ།
          ཁོང་ཚོ་ཟབ་ཞུགས་བྱས་པའི་བོད་ལྗོངས་ལོ་རྒྱུས་བརྗོད་དོན་གྱི་མུ་འབྲེལ་བརྙན་འཕྲིན《བོད་ལྗོངས་ཀྱི་གསང་བ》སྟེ་སྔར་མིང་ལ་བཀྲ་ཤིས་བདེ་ལེགས་ཞེས་པ་ལེགས་འགྲུབ་འབྱུང་ལ་ཉེ་ཞིང་།      དེའི་ཁྲོད《བོད་ལྗོངས་ཀྱི་གསང་བ》ལ་མཉམ་ལེན་བྱས་པའི་གླུ་གཞས《བརྩེ་བ་བོར་སོང》ནི་གཞས་ལ་དགའ་མཁན་གང་མང་གི་དགའ་བསུ་ཐོབ་སྟེ་གཟིགས་རྟོག་ཆེན་མོ་བྱེད་ཀྱི་ཡོད།  རྒྱུས་ལོན་པ་ལྟར་ན།  ཨ་ཅག་ཚན་སྡེབ་ཀྱི་བོད་སྐད་ཆེད་བསྒྲིགས་གསར་བ《ཨ་ཅག   བཀྲ་ཤིས་པའི་གཡང་ལ་འཐིམ》ཞེས་པའང་ཟླ་འདིར་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།