ཨ་ལུ་ཨ་སྒྲོན་གྱི་རོལ་དབྱངས་བརྙན་འཕྲིན《གེ་སར》ཞེས་པ་ཕབ་བསྐྲུན་བྱས་ཟིན།


དབྱི་རིགས་ཀྱི་གླུ་མ་ཨ་ལུ་ཨ་སྒྲོན་
དབྱི་རིགས་ཀྱི་གླུ་མ་ཨ་ལུ་ཨ་སྒྲོན།
         ཉེ་ལམ།   དབྱི་རིགས་ཀྱི་གླུ་མ་ཨ་ལུ་ཨ་སྒྲོན་གྱིས་ཉིན་གཉིས་ཀྱི་དུས་ཡུན་བེད་སྤྱད་དེ་པེ་ཅིང་དུ་རོལ་དབྱངས་བརྙན་འཕྲིན《གེ་སར》ཞེས་པ་ཕབ་སྐྲུན་བྱས། 
ནང་དོན་ཕུན་སུམ་ཚོགས་ཤིང་འགྱུར་ཁུག་སྙན་མོ་ལས་ཨ་ལུ་ཨ་སྒྲོན་གྱིས《གེ་སར》སྒྲུང་ལ་བཅིངས་པའི་བརྩེ་སེམས་མངོན་པར་བཏོད་ཡོད།  
         གེ་སར་རྒྱལ་པོ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་བ་ཡིན་པར་བརྗོད་ཅིང་། ཆོས་དང་རིག་གནས་རྒྱ་ཆེར་སྤེལ་བ་དང་།  གནའ་བོའི་བོད་རིགས་མི་དམངས་ཀྱི་དཔའ་བོར་གྲགས།  《གེ་སར་སྒྲུང》ནི་གནའ་བོའི་བོད་ཀྱི་རིག་གནས་མཚོན་བྱེད་ཀྱི་ཆེས་མཐོའི་གྲུབ་འབྲས་སུ་ངེས་ཤིང་། ཤར་ཕྱོགས་ཀྱི་ཧཱི་མའི་ལོ་རྒྱུས་སྙན་རྩོམ་ཞེས་ཀྱང་གསོལ།  
         རྒྱུས་ལོན་པ་ལྟར་ན། མིང་གྲགས་ཀྱི་དབྱངས་རྩོམ་མཁན་ཀྲང་ཆན་དབྱི་ཡིས་དབྱངས་བརྩམས་ཏེ་དེང་རབས་གླུ་གཞས་དང་གྲངས་ཉུང་མི་རིགས་ཀྱི་གླུ་གཞས་ཟུང་སྦྲེལ་སྒོས་ཨ་ལུ་ཨ་སྒྲོན་དང་མཉམ་འབྲེལ་གྱིས《གེ་སར》ཕབ་སྐྲུན་བྱས།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།