པར་སྐྲུན་ཚོགས་པའི་ལས་བྱེད་མི་སྣ་ཁག་ཅིག
བརྙན་ཕབ་བྱེད་བཞིན་པ།
《ཕྱིར་ལོག》ཅེས་པ་ནི་སློབ་ཆེན་པ་ཚོས་རྩོམ་སྒྲིག་དང་འཁྲབ་ཁྲིད་བྱེད་པའི་སློབ་རའི་གློག་་བརྙན་ཞིག་ཡིན་ཞིང་། རྒྱལ་ཁབ་རིམ་པའི་གསར་གཏོད་ལས་གཞིའི་གྲས་ཤིག་ཡིན་པ་དང་། འགྲོ་གྲོན་ཡོངས་ཀྲུང་དབྱང་ནོར་སྲིད་ཆེད་སྤྱོད་མ་དངུལ་ལས་གཏོང་པ་རེད། གློག་བརྙན་འདི་ལཱིག་མའེ་རིན་གྱིས་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་ཁྲིད་བྱས་པ་དང་། ཞའོ་ལཱི་དང་ཡཱང་ཧྲེ། ཆོས་བསྟན་བཅས་ཀྱིས་བརྙན་ལེན་གྱི་འགན་ཁུར། འཁྲབ་སྟོན་པ་གཙོ་བོ་ནི་ཡེ་ཤེས་མགོན་པོ་དང་། ཡུལ་ལྷ། འཆི་མེད་དར་རྒྱས། འཇམ་དབྱངས་དབང་མོ་སོགས་ཡིན།
གློག་བརྙན《ཕྱིར་ལོག》ཅེས་པའི་པར་རིས་ཁག་ཅིག
གློག་བརྙན《ཕྱིར་ལོག》ཅེས་པའི་པར་རིས་ཁག་ཅིག
གློག་བརྙན《ཕྱིར་ལོག》ཅེས་པའི་པར་རིས་ཁག་ཅིག
གློག་བརྙན་འདིས་སྲུང་འཁོར་སྲོག་ཤིང་དུ་བཟུང་ནས་སློབ་ཆེན་པ་ཞིག་གིས་བསམ་པའི་ལམ་ཐག་བརྗོད་པ་སྟེ། ཡུལ་མཐའ་ནས་ཡོང་བའི་བོད་རིགས་སློབ་ཆེན་པ་བཀྲ་ཤིས་སྟེས་དབང་ཞིག་གིས་ནོར་བཟང་ལ་འཕྲད་པ་དང་། དེར་འགྲོགས་རྗེས་བརྩེ་དུང་དང་། མཛའ་བརྩེ། ལྷན་སྐྱེས་ཀྱི་གཤིས་སྤྱོད། དེ་མིན་དད་པ་སོགས་བོར་ནས། གློ་བུར་དུ་རྙེད་པའི་སྲུང་འཁོར་གྱིས་ཁོང་ཉིད་འཇིགས་སུ་རུང་བའི་རྨི་ལམ་ལྟ་བུའི་དོན་དངོས་ནས་ངེས་འབྱུང་སྐྱེས་ཏེ་ཡང་བསྐྱར་གདོད་མའི་སེམས་རྒྱུད་དང་སྲོལ་རྒྱུན་གྱི་རིག་གནས་འཚོལ་སྙེག་བྱེད་ཆེད་ལྷ་སར་ཆོས་མཇལ་དུ་འགྲོ་བའི་བྱུང་རིམ་བརྗོད་ཡོད།
གློག་བརྙན་འདི་མིག་སྔར་དུས་ཕྱིའི་སྒྲིག་བཟོ་བྱེད་བཞིན་པའི་སྒང་ཡིན་ལ། སྔོན་རྩིས་བྱས་པ་ལྟར་ན་ད་ལོའི་ཟླ9པར་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།
གློག་བརྙན་འདི་མིག་སྔར་དུས་ཕྱིའི་སྒྲིག་བཟོ་བྱེད་བཞིན་པའི་སྒང་ཡིན་ལ། སྔོན་རྩིས་བྱས་པ་ལྟར་ན་ད་ལོའི་ཟླ9པར་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།
མཚོ་སྔོན་པོ་དྲྭ་བ།
No comments:
Post a Comment
སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།