བོད་ཀྱི་ན་གཞོན་གླུ་བ་ཚེ་དབང་ཉི་མའི་གླུ་གཞས《ཕ་ཡུལ་དྲན་གླུ》འགྲེམ་སྤེལ་བྱས་པ།


泽旺尼玛
ན་གཞོན་གླུ་བ་ཚེ་དབང་ཉི་མ་ལགས།
  ཉེ་ལམ་བོད་ཀྱི་ན་གཞོན་གླུ་བ་ཚེ་དབང་ཉི་མ་ལགས་ཀྱི་གླུ་གཞས་གསར་བ《ཕ་ཡུལ་དྲན་གླུ》ཞེས་པ་འགྲེམ་སྤེལ་བྱས་པ་རེད། གླུ་གཞས་འདིའི་ཁྲོད་གླུ་བ་ཁོང་རང་ཕ་ཡུལ་དང་
ཁ་གྱེས་ནས་པེ་ཅིང་དུ་གྱར་པའི་ཚུལ་གསར་རྩོམ་གྱི་རྒྱབ་ལྗོངས་སུ་བྱས་ནས་བརྩམས་འདུག་ཅིང་། གླུ་བ་ཁོང་ཡུལ་གཞན་དུ་གྱར་ནའང་ནམ་ཡང་རང་ཉིད་ཀྱི་ཕ་སྐད་དང་མ་ཡུམ་རྩྭ་ཐང་བརྗེད་མི་ཐུབ་པའི་སེམས་ཀྱི་བརྩེ་བ་རྣལ་མ་དེ་བརྗོད་ཡོད་པ་རེད། 
  གླུ་གཞས་འདི་ནི་སྐལ་བཟང་ལགས་ཀྱིས་ཚིག་བརྩམས་ཤིང་། ཚེ་དབང་ཉི་མ་ལགས་ཀྱི་དབྱངས་བརྩམས་པ་དང་། རོལ་དབྱངས་སྒྲིག་བཟོ་བ་ཞའོ་ལའེ་ལགས་གདན་འདྲེན་བྱས་ནས་སྒྲ་ཕབ་ལེན་བྱས་པ་རེད། མཚོ་སྔོན་པོ་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།