ཚངས་དབྱངས་རྒྱ་མཚོའི་མགུར་གླུ་རིག་གནས་གནས་སྐོར་དུས་ཆེན་སྤེལ་བ།



མི་རིགས་ཀྱི་ལག་བཟོས་ཐོན་རྫས།
ཟླ5བའི་ཚེས1ཉིན། སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའམ་མོན་པའི་སཱ་མ་རིག་གནས་གནས་སྐོར་དུས་ཆེན་དེ་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ལེགས་པ་ལུང་བ་ནས་བསྡུས་པ་རེད། 

  སཱ་མ་ཆང་གཞས་ནི་མོན་པའི་དམངས་ཁྲོད་དུ་ས་ཁྱབ་རྡོ་བརྡལ་དུ་སོང་བའི་དུངས་བརྗོད་གླུ་གཞས་ཤིག་ཡིན་ཞིང་། ལྷོ་ཁའི་མཚོ་སྣ་རྫོང་དུ་མོན་པའི་ཡུལ་ཚོ་བཞི་ཡོད་པ་དང་། ཡུལ་ཚོ་སོ་སོའི་སཱ་མ་ཆང་གཞས་ལ་ཕན་ཚུན་ཐ་དད་པའི་མཚོན་སྟངས་ཡོད་པ་རེད།

  རྒྱུས་ལོན་བྱུང་བ་ལྟར་ན་ཉིན4རིང་དུ་མོན་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ“ཨ་ཅེ་ལྷ་མོ”དང“ཆོས་རྒྱལ་ནོར་བཟང”སོགས་ཀྱི་ཟློས་གར་འཁྲབ་སྟོན་བྱེད་རྒྱུ་རེད། ཐེངས་འདིའི་རིག་གནས་དུས་ཆེན་གྱིས་ཡུལ་དེ་གའི་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ཉམས་ཉེན་ཆེ་བའི་སཱ་མ་ཆང་གཞས་སོགས་མོན་པའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་པ་ཆེན་པོ་ཐོན། བྱ་འགུལ་གྱི་དུས་སུ་རིག་གནས་འཁྲབ་སྟོན་སྣ་ཚོགས་སྤེལ་པ་དང་མཉམ་དུ། “མོན་པའི་སཱ་མ་ཆང་གཞས་རྒྱུན་འཛིན་པ”ལ་མཚན་སྙན་དཔང་ཡིག་གནང་རྒྱུ་རེད།


སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའམ་མོན་པའི་སཱ་མ་རིག་གནས་གནས་སྐོར་དུས་ཆེན་
སྤེལ་བཞིན་པའི་ཡུལ་དངོས།

དམངས་ཁྲོད་ཀྱི་རྒྱུན་འཛིན་པས་སཱ་མ་ཆང་གཞས་ལེན་པ།

མཚོ་སྔོན་པོ་དྲ་བ།



No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།