བོད་ཀྱི་གླུ་མ་དབྱངས་ཅན་ལྷ་མཛེས་དང་མདོ་བ་ཚེ་སྐྱིད་གཉིས་མཚོ་སྔོན་པོ་དྲ་རྒྱར་མགྲོན་དུ་ཕེབས་པ།


མཚོ་སྔོན་པོ་དྲ་ནས།


གླུ་མ་དབྱངས་ཅན་ལྷ་མཛེས(གཡོན)དང་མདོ་བ་ཚེ་སྐྱིད(གཡས)།

གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས་མཚོ་སྔོན་པོ་དྲ་རྒྱར་ཕྱག་བྲིས་གནང་བཞིན་པ། 
              ཟླ8ཚེས16ཉིན།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་མཚོ་སྔོན་པོ་ཐང་ཆེན་དུ་གསེར་ཆེན་རྫོང་གི་བོད་ཀྱི་རིག་གནས་གསར་འདོན་ཐོན་ལས་གླིང་ག་ལེགས་འགྲུབ་འབྱུང་བའི་རྟེན་འབྲེལ་གྱི་གླུ་གཞས་ཆེད་ཚོགས་ཆེན་མོ་མཇུག་རྫོགས་རྗེས།  བོད་ཀྱི་མིང་གྲགས་གླུ་མ་དབྱངས་ཅན་ལྷ་མཛེས་དང་མདོ་བ་ཚེ་སྐྱིད་གཉིས་དྲ་རྒྱའི་གསར་འགོད་པས་གདན་ཞུ་བྱས་པ་བརྒྱུད་མཚོ་སྔོན་པོ་དྲ་རྒྱར་མགྲོན་དུ་ཕེབས་པ་རེད།

གླུ་མ་མདོ་བ་ཚེ་སྐྱིད་ཀྱིས་མཚོ་སྔོན་པོ་དྲ་རྒྱར་ཕྱག་བྲིས་གནང་བཞིན་པ། 
 
གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས་མཚོ་སྔོན་པོ་དྲ་རྒྱར་གནང་བའི་ཕྱག་བྲིས་དངོས།
              མིག་སྔར།   གླུ་མ་དབྱངས་ཅན་ལྷ་མཛེས་དང་མདོ་བ་ཚེ་སྐྱིད་གཉིས་ནི་བོད་ཁུལ་དུ་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་བོད་རིགས་གླུ་མ་གཉིས་ཡིན་ཞིང་།   གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས་ལེན་བཞིན་པའི་གླུ་གཞས་ནི《ཁྱེད་དང་འཕྲད་པ་ང་ཡི་ལས་འབྲས་ཡིན》ཞེས་པ་དང་།   《མཐོ་སྒང་བུ་མོ》། 《རྒྱང་རིང་གི་མཛའ་བོ》།  《བརྩེ་བའི་དྲན་གདུང》། 《ངའི་འདོད་འདུན》སོགས་དང། གླུ་མ་མདོ་བ་ཚེ་སྐྱིད་ཀྱི《དམངས་གླུ་གསར་བ》དང་།  《ཨ་ཅག་ལགས》། 《མེ་ཏོག་མཚོ》།  《བསོད་ནམས》།  《རླུང་རྟ》སོགས་ཡོད་པ་རེད། 

གླུ་མ་མདོ་བ་ཚེ་སྐྱིད་ཀྱིས་མཚོ་སྔོན་པོ་དྲ་རྒྱར་གནང་བའི་ཕྱག་བྲིས་དངོས། 
མཚོ་སྔོན་པོ་དྲ་རྒྱའི་ལས་སྒྲུབ་མི་སྣ་རྣམས་གླུ་མ་དབྱངས་ཅན་ལྷ་མཛེས་དང་མདོ་བ་ཚེ་སྐྱིད་གཉིས་དང་ལྷན་དུ་པར་བསྐྱོན་པ།
              བོད་ཀྱི་མིང་གྲགས་གླུ་མ་འདི་གཉིས་ཀྱིས་མཚོ་སྔོན་པོ་དྲ་རྒྱའི་བློ་འདོན་པའམ་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་འགོ་གཙོ་ཚེ་ལོ་ལགས་ཀྱི་མཚམས་སྦྱོར་འོག    མཚོ་སྔོན་པོ་དྲ་རྒྱའི་ཁོར་ཡུལ་སོགས་ལ་གཟིགས་ཞིབ་གནང་ཞིང། མཚོ་སྔོན་པོ་དྲ་རྒྱས་བོད་ཀྱི་རིག་གནས་དང་།  བོད་ཁུལ་གྱི་ཡུལ་སྐོར་ལས་རིགས།   དེ་མིན་བོད་ཀྱི་གླུ་བ་གླུ་མ་ཚོ་ཁྱབ་བསྒྲགས་བྱས་པར་གདེངས་འཇོག་ཆེན་པོ་གནང་ལ།  མཚོ་སྔོན་པོ་དྲ་རྒྱས་མུ་མཐུད་དུ་མི་རིགས་རིག་གནས་ཁྱབ་སྤེལ་བྱེད་པའི་ཐད་ལ་བྱས་རྗེས་འཇོག་པར་སྨོན་འདུན་ཞུས་པ་རེད།    
              མཇུག་མཐར།   གླུ་མ་དབྱངས་ཅན་ལྷ་མཛེས་དང་མདོ་བ་ཚེ་སྐྱིད་གཉིས་ཀྱིས་མཚོ་སྔོན་པོ་དྲ་རྒྱ་བསྟུད་མར་གོང་ནས་གོང་དུ་འཕེལ་པར་བཀྲ་ཤིས་བདེ་ལེགས་ཀྱི་ཕྱག་བྲིས་གནང་བ་རེད།  

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།