གསར་སྐྱེས་གཞས་མ་ཐང་སྐོར་རིག་འཛིན་སྒྲོལ་མའི་གནས་ཚུལ་རགས་བཀོད།



རྩོམ་ཁུངས་མཚོ་སྔོན་བོད་སྐད་རླུང་འཕྲིན་ནས།


མཚོ་སྔོན་པོའི་འགྲམ་གྱི་མེ་ཏོག་སེར་ཆེན། ཐང་སྐོར་རིག་འཛིན་སྒྲོལ་མ།
ལྷན་སྐྱེས་ཀྱི་མགྲིན་ངག་ལ་རྩྭ་ཐང་བུ་མོའི་ཁྱད་ཆོས་ལྷག་ཏུ་ཐོན་པའི་གཞོན་སྐྱེས་གཞས་མ་ཐང་སྐོར་རིག་འཛིན་སྒྲོལ་མ་ནི་མཛེས་སྡུག་ཡིད་དུ་འོང་པའི་མཛོ་དགེ་རྩྭ་ཐང་ནས་གཉོམ་ལག་རྒྱས་པ་ཡིན་ལ། ཕ་སྐད་ཀྱི་གླུ་གཞས་འཚོལ་སྙེག་གི་དམིགས་འདུན་དང་ཕ་ཡུལ་གྱི་ཡོད་ཚད་དུངས་ཞེན་གྱི་ཕུགས་སུ་རུམ་པའི་འབྲོག་མོ་འདིའི་ངག་གི་འགྱུར་ཁུགས་རེ་རེ་དང་སྨྲར་དག་པའི་དྭངས་གསལ་གྱི་གཞས་ཚིག་རེ་རེ་ལས་ཁོ་མོ་ནི་མ་ཡུམ་གངས་ལྗོངས་འདིའི་རེ་བ་དང་ཡིད་རྟོན་འཆང་སའི་གསར་སྐྱེས་གླུ་མ་ཞིག་ཏུ་ང་ཚོས་བློས་བསླངས་མི་བྱེད་ཐུ་མེད་ཡིན།       
   གཞས་མ་ཐང་སྐོར་རིག་འཛིན་སྒྲོལ་མའི་ཟུར་བཀོད་གནས་ཚུལ།
ཆབ་འགག་རྡོ་རྗེ་ཚེ་རིང་གིས་ཚིག་དང་དབང་གྲགས་རྡོ་རྗེ་ཡིས་གདངས་བརྩམས་ཞིང་ཁ་བ་ཅན(པེ་ཅིན)གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་མཚོ་སྔོན་ཡན་ལག་ཀུང་ཟིའི་རོལ་གཞས་ཚན་ཁག་གིས་ཕབ་སྐྲུན་བྱས་པའི་གཞོན་སྐྱེས་གླུ་མ་ཐང་སྐོར་རིག་འཛིན་སྒྲོལ་མའི་བརྩམས་ཆོས་ཐོག་མ«ཚེ་རིང་ལོ་བརྒྱ»ཞེས་པ་དེ་ཉེ་ལམ་སྒྲ་བརྙན་ཕབ་ལེན་ལེགས་འགྲུབ་བྱུང་ཡོད་ཅིང་། མི་འགྱངས་པར་མཚོ་སྔོན་དང་ཟི་ཁྲོན་སོགས་ཀྱི་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན། བོད་ཀྱི་རོལ་མོ་དྲ་ཚིགས་སོགས་ནས་དུས་ལྟར་གཏང་རྒྱུ་ཡིན་པས། ཁོ་མོའི་དྭངས་གཙང་གི་མགྲིན་ངག་ལ་རོལ་བསམ་མཁན་གྱི་གྲོགས་པོ་དག་གི་ཡིད་ཀྱི་གསོས་སུ་སྨིན་པར་ཤོག
2007ལོར་ཡ་གླིང་གི་སྐབས་བཅུ་གཅིག་པའི་གདུགས་མཆོངས་རྩལ་འགྲན་མཇུག་བསྡུའི་འཁྲབ་སྟོན་སྟེང་ཆེད་མཁས་པས་ཕུལ་བྱུང་གླུ་མའི་མཚན་སྙན་གནང་། ཡུས་ཏུང་བརྡ་འཕྲིན་རྟགས་མའི་བརྙན་འཕྲིན་གླུ་གཞས་འགྲན་ཚོགས་ཁྲོད་གཉུག་མར་གནས་པའི་ལེན་སྟངས་ལས་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། 2008ལོར་ཀྲུང་གོ་ལའོ་ཅིང་སྙན་ངག་དུས་ཆེན།“ལའོ་ཅིང་དུ་བསྐྱོད་པ”ཞེས་པའི་མི་རིགས་གླུ་གར་ཆེད་ཚོགས་སྟེང་ཞུགས། 2009ལོར་རྔ་བ་དགེ་འོས་ཆེད་སྦྱོང་སློབ་གྲྭའི་སྡེ་དགུའི་སྒྱུ་རྩལ་ཚོགས་པའི་གདན་ཞུའི་གླུ་མ་བྱས།

སྦྲ་ནག་པོའི་གཞི་འཛིན་འབྲོག་པའི་བུ་མོ། ཐང་སྐོར་རིག་འཛིན་སྒྲོལ་མ།
སྨན་བུ་མོའི་ལང་ཚོ་ལྷུག་པོར་འཛུམ་པ། ཐང་སྐོར་རིག་འཛིན་སྒྲོལ་མ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།