གླུ་བ་བཀྲ་ཤིས་ཉི་མའི་གླུ་གཞས་གསར་པ《དར་རྩེ་མདོ་ཡི་མཛའ་གྲོགས》ཞེས་པ་འགྲེམ་སྤེལ་བྱས།

山歌王子扎西尼玛最新单曲《康定情人》首发

ཉེ་ཆར་བོད་ཀྱི་གླུ་བ་གྲགས་ཅན་བཀྲ་ཤིས་ཉི་མ་ལགས་ཀྱི་གླུ་གཞས་གསར་པ《དར་རྩེ་མདོ་ཡི་མཛའ་གྲོགས》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས། 《དར་རྩེ་མདོ་ཡི་མཛའ་གྲོགས》ཞེས་པ་དེ་ཚིག་དང་དབྱངས། གཞས་ལེན་སྟངས་སོགས་གང་ཅི་ཐད་ནས་ལེགས་པོར་འཁྱོངས་འདུག་ཅིང་།
གླུ་གཞས་དེའི་ཁྲོད་ཚེ་སྲོག་གི་སྐྱེ་སྟོབས་དང་། འཚོ་བའི་མྱོང་སྟོབས། སྒྱུ་རྩལ་གྱི་གཟི་དཔལ་བཅས་མངོན་པར་མཚོན་ཡོད་པ་རེད།
  《དར་རྩེ་མདོ་ཡི་མཛའ་གྲོགས》ནི་སྔ་མོ་ནས་བོད་དུ་དར་ཁྱབ་ཆེ་ཞིང་དར་རྩེ་མདོ་ཡི་ཡུལ་སྲོལ་བརྗོད་པའི་གླུ་གཞས་ཤིག་ཡིན་མོད། གླུ་གཞས་བཀྲ་ཤིས་ཉི་མས་ཁོང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོའི་མཐུན་རྐྱེན་ལ་བརྟེན་ནས་སྔར་དང་མི་མཐུན་པའི་ཁྱད་ཆོས་ཤིག་བསྩལ་འདུག་པས། ཀུན་གྱི་རྣ་བའི་གསོས་སུ་གྱུར་ཞིང་ཉན་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།  མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།