གླུུ་བ་བསམ་ཁོ་གཞས་གསར་བ་ཕབ་སྐྲུན་བྱེད་པར་བྲེལ་གྱི་ཡོད་པ།


རྩོམ་ཁུངས་མཚོ་སྔོན་པོ་དྲ་བ་ནས།

གླུ་བ་བསམ་ཁོ་ཡིས་གཞས་གསར་བ་སྒྲ་ཕབ་བྱེད་བཞིན་པ། 
            ཉེ་ལམ།  གླུ་བ་བསམ་ཁོ་གནས་གང་མང་ལ་འཁྲབ་སྟོན་བྱེད་པར་འགྲོ་བ་དང་།  《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》ཅེས་པའི་གློག་བརྙན་འཁྲབ་སྟོན་གྱི་གྲས་སུའང་ཞུགས་ཀྱི་ཡོད་ཅིང་།  དེ་དང་ཆབས་ཅིག་ཏུ་གླུ་གཞས་གསར་བ་སྒྲ་ཕབ་བྱེད་པའི་ལས་ལ་བྲེལ་གྱི་ཡོད་པ་རེད།  
            སྙན་ཞིང་འཇེབས་པའི་གཞས་གསར་བ《ཡ་ལ་སོ》ནི་མིང་གྲགས་གཞས་བ་ཧིག་ཡངས་ཀྱི་ཁྲིད་སྟོན་འོག་ཕབ་སྐྲུན་བྱེད་ཀྱི་ཡོད་ཅིང་།  བསམ་ཁོ་ཡི་ཐུན་མོང་མ་ཡིན་པའི་གླུ་སྐད་དང་སྙན་དབྱངས་ཀྱི་འགྱུར་ཁུག་ལས།  དུས་ཡུན་ཆུ་ཚོད་གཉིས་ཙམ་གྱིས་གླུ་གཞས་ཕབ་སྐྲུན་བདེ་བླག་ངང་མཇུག་སྒྲིལ་སྟབས།   གླུ་གཞས་བརྩམས་ཆོས་ལ་རེ་བཞག་མཐོ་བའི་ཧིག་ཡངས་དགེ་རྒན་གྱིས་ཀྱང་གཟེངས་བསྟོད་ཆེན་པོ་གནང་པ་རེད། 

མིང་གྲགས་གཞས་བ་ཧིག་ཡངས་ཀྱིས་གླུ་བ་བསམ་ཁོ་ལ་ཁྲིད་སྟོན་བྱེད་བཞིན་པ།
            རྒྱུས་ལོན་བྱས་པ་ལྟར་ན།   གླུ་གཞས་གསར་བ་འདི་ཉེ་ལམ་ཕབ་སྐྲུན་བྱས་ཚར་ནས་འགྲེམ་སྤེལ་བྱེད་རྒྱུ་ཡིན་པར་བཤད་ལ།  ཟླ4ཚེས8ཉིན《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》ཅེས་པའི་གློག་བརྙན་བརྙན་འཕྲིན་གཏོང་རྒྱུ་ཡིན་ཞིང་།  འདིས་སྒྱུ་རྩལ་གྱི་ཁྱད་ཆོས་དོད་པོ་ལྡན་པའི་གླུ་བ་བསམ་ཁོ་ཡང་སྔར་ལས་ལྷག་པའི་མདུན་སྐྱོད་ཆེན་པོ་ཞིག་བྱས་པ་རེད།  
            གླུ་བ་བསམ་ཁོ་ཡིས་ཐེངས་འདིའི་གླུ་གཞས་གསར་བ《ཡ་ལ་སོ》དང་གློག་བརྙན《བོད་ཀྱི་སྔོན་བྱུང་གཏམ་རྒྱུད》གཉིས་ལས་རྒྱ་ཆེ་བའི་མང་ཚོགས་ལ་དགའ་སྤྲོ་ཞིག་སྟེར་ཐུབ་པར་སྨོན་པ་དང་།   རྗེས་ཕྱོགས་ཀྱི་གླུ་གར་སྟེགས་བུ་ཁྲོད་ད་དུང་མང་ཚོགས་ཀྱིས་རྒྱབ་སྐྱོར་གང་མང་གནང་བར་ལྷག་བསམ་རྣམ་དག་གིས་རེ་འདུན་ཞུས་པ་རེད། 

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།