ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ། |
ཟླ4བའི་ཚེས24ཉིན། ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་གཞོན་ནུ་གཞས་པའི་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དེ་ལྷ་སའི་བརྙན་འཕྲིན་ཁང་ནས་སྤེལ་བ་རེད། ཐེངས་འདིའི་འགྲན་བསྡུར་ཁྲོད་མི་རིགས་གླུ་གཞས་དང་། སྤྱིར་བཏང་གླུ་གཞས། གཉུག་གནས་གླུ་གཞས་བཅས་རིགས་གསུམ་དུ་ཕྱེས་ཡོད་ཅིང་།
ཡུལ་དངོས་སུ་ གླུ་གཞས་བླངས་ནས་དཔྱད་འདེམས་པས་སྐར་མ་རྒྱག་པའི་ཐབས་ཀྱིས་འགྲན་བསྡུར་སྤེལ་བ་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། 2012ལོའི་སྐབས་དང་པོའི་གཞོན་ནུའི་གཞས་པའི་འགྲན་བསྡུར་ནི་ལྷ་ས་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་ཡིན་ཞིང་། 2011ལོའི་ཟླ12བར་བྱ་འགུལ་སྤེལ་འགོ་བརྩམས་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཕྱི་ནང་གི་གླུ་གཞས་ལ་སྤྲོ་བའི་གཞོན་ནུ་གང་མང་མང་ཞིག་བྱ་འགུལ་ཁྲོད་ཞུགས་པ་དང་། ཚ་ཚ་འུར་འུར་གྱིས་འགྲན་བསྡུར་རབས་དང་རིམ་པ་སྤེལ་མཐར་འགྲན་ཞུགས་པ20ལྷག་གཟེངས་སུ་ཐོན་ཏེ་རྟིང་རྩོད་འགྲན་བསྡུར་ཁྲོད་ཞུགས་པ་རེད།
འགྲན་བསྡུར་སྟེང་ཀྲང་མིན་ཞུས་དང་། བསྟན་འཛིན་ཚུལ་ཁྲིམས། དོན་རྣམ་གསུམ་ལ་མི་རིགས་གླུ་གཞས་དང་། སྤྱིར་བཏང་གླུ་གཞས། གཉུག་གནས་གླུ་གཞས་བཅས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
འགྲན་ཞུགས་པ་དང་འགོ་ཁྲིད་རྣམས་མཉམ་དུ་པར་སྐྱོན་པ།
འགྲན་ཞུགས་པ་བསྟན་འཛིན་ཚུལ་ཁྲིམས་ལ་སྤྱིར་བཏང་གླུ་གཞས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ།
མཚོ་སྔོན་པོ་དྲ་བ།
No comments:
Post a Comment
སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།