བོད་ཀྱི་གླུ་གཞས་མཚོན་རྟགས་ཏེ《མཁའ་ལམ་མེ་ཏོག》ཅེས་པ་འཁྲབ་སྟོན་ཚོང་རར་འགྲེམ་རྒྱུ་རེད།



《མཁའ་ལམ་མེ་ཏོག》ཅེས་པའི་ཡུལ་དངོས་ཀྱི་འཁྲབ་སྟོན།
ཟླ4བའི་ཚེས18ཉིན། ཁྲིན་ཏུའུ་འཁྲབ་སྟོན་ཚོང་རའི་རིག་གནས་གནས་སྐོར་གྱི་མཚོན་རྟགས་གསར་བ་ཞིག་སྟེ《མཁའ་ལམ་མེ་ཏོག》ཅེས་པའི་གླུ་གཞས་གླིང་གའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ་དང་།
《མཁའ་ལམ་མེ་ཏོག》ཅེས་པ་ནི་གླུ་གཞས་རྐྱང་རྐྱང་གཉེར་བའི་མཚོན་རྟགས་གསར་བ་ཞིག་ཡིན་པ་རེད།
གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བརྒྱུད་ནས་སྤྱིའི་འཁྲབ་ཁྲིད་པའམ་རོལ་མོ་བ་གྲགས་ཅན་ནམ་མཁའ་བུ་ཁྲིད་ལགས་ཀྱིས་ལོ་ངོ་གསུམ་གྱི་རིང་དུ་གྲ་སྒྲིག་དང་ལོ་ངོ་གཅིག་ལ་སྦྱོང་བརྡར་བྱས་པའི“མཁའ་ལམ་མེ་ཏོག”ཅེས་པ་དངོས་སུ་འཁྲབ་སྟོན་ཚོང་རར་འགྲེམ་འགོ་བརྩམས། འདི་ནི་ནམ་མཁའ་བུ་ཁྲིད་ལགས་ཀྱི་མི་རིགས་ཀྱི་གླུ་གཞས་ཟློས་གར《བཀྲ་ཤིས་གཡང་འཁྱིལ》ཞེས་པའི་རྗེས་ཀྱི་བརྩམས་ཆོས་ཤིག་ཡིན་ཞིང་། བོད་ཀྱི་གླུ་གཞས་དང་ཞབས་བྲོ་སྒྱུ་རྩལ་གཙོ་བྱས་པའི་འཁྲབ་སྟོན་ཚོགས་ཁག་གམ་འཁྲབ་སྟོན་གྱི་སྟེགས་བུ་ཞིག་ཡིན།
ནམ་མཁའ་བུ་ཁྲིད་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན《མཁའ་ལམ་མེ་ཏོག》ལས་མི་རབས་རེ་རེའི་སེམས་ཁམས་ཀྱི“ཚངས་དབྱངས་རྒྱ་མཚོའི་མཛའ་གཞས”དང་ལོ་རྒྱུས་མི་སྣ་གྲགས་ཅན་འདིའི་ངོ་མཚར་ཆེ་བའི་མི་ཚེའི་མངོན་མཚོན་བྱས་ཤིང་། “མཁའ་ལམ་མེ་ཏོག”ཅེས་པ་རྒྱབ་ལྗོངས་སུ་བྱས་ནས་གླུ་གཞས་ཟློས་གར་དང་། དེ་དང་འབྲེལ་བའི་རིག་གནས་ཐོན་རྫས་ཁག་ཅིག་འགྲེམ་སྤེལ་བྱས་ཏེ་རྒྱལ་སྤྱིའི་རིག་གནས་མཚོན་རྟགས་ཤིག་ཏུ་བསྐྲུན་རྒྱུ་རེད།
ནམ་མཁའ་བུ་ཁྲིད་ལགས་ཀྱིས་བཤད་རྒྱུར《མཁའ་ལམ་མེ་ཏོག》ནི་སི་ཁྲོན་མི་རིགས་གླུ་གཞས་ཚོགས་པའི་འཁྲབ་སྟོན་གཞི་གནས་གྲས་ཤིག་ཡིན་ཞིང་། མི་རིགས་རིག་གནས་འབྲེལ་འདྲིས་སྟེགས་བུ་ཞིག་ཀྱང་ཡིན། འདིས་སི་ཁྲོན་དང་ནུབ་རྒྱུད་ས་ཁུལ་གྱི་ཆེས་ཕུལ་དུ་བྱུང་ཞིང་སྙན་གྲགས་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་པ་དང་། མི་རིགས་སྒྱུ་རྩལ་ལ་སྤྲོ་བའི་ཆེད་མཁས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཡོད་ཅེས་བརྗོད་པ་རེད། ནམ་མཁའ་བུ་ཁྲིད་ལགས་ཀྱིས2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་དང2009ལོའི་ཀྲུང་དབྱང་གི་ལོ་སར་དགོང་ཚོགས་ཀྱི་མི་རིགས་བྲོ་གཞས《བཀྲ་ཤིས་གཡང་འཁྱིལ》ཞེས་པ་བརྩམས་པ་དང་། 《མཁའ་ལམ་མེ་ཏོག》བརྒྱུད་ནས་བོད་གཞས་འགྲན་ཚོགས་སྟེང་བྱ་དགའ་ཐོབ་པའི་གླུ་བ་རྣམས་གཙོས་པའི་གསར་སྐྱེས་གླུ་བ་གང་མང་ཞིག་སྐྱེད་སྲིང་བྱེད་རྒྱུ་རེད།
《མཁའ་ལམ་མེ་ཏོག》ཅེས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཡུལ་དངོས།   

མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།