གླུ་བ་བཀྲ་ཤིས་ཉི་མར་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ།




2011041809193881.jpg
གླུ་བ་བཀྲ་ཤིས་ཉི་མ། 
  མི་རིགས་ཀྱི་ཕུལ་དུ་བྱུང་པའི་དམངས་ཁྲོད་སྒྱུ་རྩལ་སྔར་བས་དར་སྤེལ་དང་།
 མི་རིགས་སོ་སོའི་གཟུགས་འདས་རིག་གནས་རྗེས་ཤུལ་མྱུར་སྐྱོབ་དང་སྲུང་སྐྱོབ།
 རྒྱུན་འཛིན་དང་གོང་སྤེལ། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་
སུམ་ཇེ་ཚོགས་སུ་གཏང་ཕྱིར། ཀྲུང་གོ་སྒྱུ་རྩལ་ལས་རིགས་ཀྱི་ཆེས་མཐོ་བའི་རྟགས་
མའི་གྲས་ཀྱི་གཅིག་སྟེ། ཀྲུང་གོའི་གཉུག་མར་གནས་པའི་དམངས་གླུའི་མཛད་སྒོ་
སྐབས་དང་པོ་དང་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་སྐབས་བཅུ་བ་ལུགས་གསར་གྱི་
ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་གྱི་མཚན་མོ་ཅིན་ཀྲིག་ཟློས་གར་གླིང་ནས་མཇུག་བསྡུས། 
  ཆེད་མཁས་མི་སྣའི་ནན་ཏན་གྱི་དཔྱད་སྡུར་བརྒྱུད། བྱ་དགའི་རིམ་པ་སོ་སོ་བདེ་བླག་
ངང་བགར་བ་དང་དེ་ལས་བོད་ཀྱི་རི་གླུའི་རྒྱལ་སྲས་སུ་འབོད་པའི་གླུ་བ་བཀྲ་ཤིས་
ཉི་མས་བླངས་པའི «སྦྲ་ནག»ཅེས་པར་གཉུག་མར་གནས་པའི་ལེན་སྟངས་ལས་
གསེར་གྱི་རྟགས་མའི་བྱ་དགའ་ཐོབ། གཞན། ཀན་སུའུ་ཡི་ཕེན་ཝུའུ་པདྨ་བོད་
རིགས་ཀྱི«པདྨ་སྤྲོ་གླུ»ཞེས་པར་ཡང་ལྟད་མོ་བ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་
པ་མ་ཟད་དངུལ་གྱི་རྟགས་མའི་བྱ་དགའ་ཡང་ཐོབ་པ་རེད།

20110418092007658.jpg
འཁྲབ་སྟོན་མཇུག་བསྡུའི་མཛད་སྒོ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།