བོད་ཀྱི་གླུ་བ་ཨ་བསམ་གྱི་ཆེད་སྒྲིག་བརྙན་འཁོར་དང་པོ《ཚེ་སྲོག་གི་འབོད་པ》སྤེལ་གྲབས་ཡོད་པ།



བོད་ཀྱི་གླུ་བ་ཨ་བསམ་གྱི་ཆེད་སྒྲིག་བརྙན་འཁོར་དང་པོ《ཚེ་སྲོག་གི་འབོད་པའི》
འགྲེམ་སྤེལ་པར་རིས།
ཕ་ཡུལ་ཡུལ་ཤུལ་ནང་ཆེན་ཡིན་པའི་བོད་ཀྱི་གླུ་བ་ཨ་བསམ་གྱི་ཆེད་སྒྲིག་བརྙན་འཁོར་དང་པོ 《ཚེ་སྲོག་གི་འབོད་པ》ཞེས་པ་མི་འགྱང་བར་འགྲེམ་སྤེལ་བྱེད་རྒྱུ་རེད། རྒྱུས་ལོན་པ་ལྟར་ན་བརྙན་འཁོར་འདི་འགྲེམ་སྤེལ་བྱེད་པར་ཁོས་ལོ་བཞི་ལྷག་ལ་གྲ་སྒྲིག་བྱས་པ་དང་ནང་དུ་ཁོང་ཉིད་ཀྱི་བརྩམས་ཆོས་གསར་བའང་ཡོད་ལ་དམངས་ཁྲོད་ཀྱི་གཞས་ཀྱང་ཡོད། ལྷག་པར་དུ《ཚེ་སྲོག་གི་འབོད་པ》སོགས་གཞས་གསར་པ་དག་ནི་སྙན་འཇེབས་ཀྱི་འགྱུར་ཁུག་ལྡན་ལ་རྣམ་པ་འབུར་དུ་ཐོན་ཡོད་པས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ངེས་ཡིན།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།