ཨ་ཅག་ཚན་སྡེབ་མཚོ་སྔོན་བོད་ཀྱི་ལོ་སར་དགོང་ཚོགས་ལ་ཞུགས་པ།




ཨ་ཅག་ཚན་སྡེབ་ཀྱི་འཇའ་ཚོན་ལྟ་བུའི་བཟོ་དབྱིབས་གསར་བས་མཚོ་སྔོན་
བོད་ཀྱི་ལོ་སར་དགོང་ཚོགས་སྟེང་ཀུན་གྱི་མིག་དབང་འཕྲོག་པ།
          ཉེ་སྔོན། ཨ་ཅག་ཚན་སྡེབ་ཀྱིས་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་བོད་ཆུ་འབྲུག་ལོའི་ལོ་སར་དགོང་ཚོགས་བརྙན་ཕབ་པའི་བྱ་བ་མཇུག་རྫོགས། ཁོ་ཚོ་བོད་ཁུལ་དུ་ཆེས་དགའ་བསུ་ཐོབ་བཞིན་པའི་ཚན་སྡེབ་ཅིག་ཡིན་པའི་ཆ་ནས་ཁོ་མོ་ཚོའི་འཇའ་ཚོན་ལྟ་བུའི་བཟོ་དབྱིབས་གསར་བས་བོད་ཀྱི་ལོ་སར་དགོང་ཚོགས་སྟེང་གི་ལྟད་མོ་བ་ཡོངས་ཀྱི་མིག་དབང་གསོས་ཤིང་།     འདིས2012ལོར་དུས་རབས་དང་མཐུན་པའི་བཟོ་དབྱིབས་ཁྱད་འཕགས་ཅན་ཞིག་ཁ་གསབ་ཞིག་ཀྱང་བྱས་ཡོད། 
          ཕ་ཡུལ་དུ་ལོག་ནས་ལེ་ཚན་བརྙན་ཕབ་བྱེད་ཐེངས་རེར། ཕ་ཡུལ་གྱི་ཆེད་དུ་རང་ནུས་ཅི་ལྕོག་གིས་ནུས་པ་འདོན་རྒྱུ་དེ་ཁོ་མོ་ཚོར་མཚོན་ན་ཆེས་དགའ་འོས་པ་ཞིག་ཏུ་སྣང་ཞིང་། ཁོ་མོ་ཚོ་ས་ཁུལ་སོ་སོ་ནས་ཡིན་ཕྱིར་ཁམས་སྐད་དང་ཨམ་སྐད། རྒྱ་རོང་གི་སྐད་བཅས་བཤད། དེའི་རྐྱེན་གྱིས་ཐེངས་འདིར་ཕབ་སྐྲུན་བྱས་པའི་ཕ་སྐད་ལེ་ཚན་ཁ་བའི་ཞབས་རྗེས་སུ་ཁོ་མོ་གསུམ་གྱི་ཡུལ་སྐད་མི་འདྲ་བ་མཉམ་བསྡུས་བྱས་ཡོད་པ་རེད།
          2012ལོ་སླེབས་ལ་ཉེ་བའི་དུས་འདིར། ཨ་ཅག་ཙན་སྡེབ་ཀྱི་ཆེད་བསྒྲིགས་གཞས་གསར《ཨ་ཅག   ཟླ་ངོགས་སུ་བསྐྱོད་པ》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ་ཞིང་།  དེ་ཡང་ཆེད་བསྒྲིགས་ཧྲིལ་བོར་བོད་ཀྱི་མཛའ་གཞས་གསར་བ་ཡིན་པ་དང་། སྔར་ཡོད་ཀྱི་དམངས་གླུ་ལ་བཟུང་བའི་ལྟ་སྟངས་བསྒྱུར་ཏེ་རྣམ་པ་གསར་བའི་ལམ་བུ་ཞིག་བསྐྲུན་པ་རེད།

ཨ་ཅག་ཚན་སྡེབ་ཀྱིས་བོད་ཆུ་འབྲུག་ལོའི་ལོ་སར་དགོང་ཚོགས་སྟེང་ཁྱད་འཕགས་ནུས་བ་ཐོན།
          ཐེངས་འདིར་ཨ་ཅག་ཚན་སྡེབ“ཟླ་བའི་སྲས་མོ”་རུ་སྤྲུལ་ནས་བཟོ་དབྱིབས་གསར་བ་དེར་ཡང“ལྷའི་རྣམ་པ་”ཕུན་སུམ་ཚོགས་པ་ལྡན། ཕ་ཡུལ་གྱི་བརྩེ་བ་དང་རྩྭ་ཐང་གི་བརྩེ་བས་ཡིད་འགུགས་གླུ་སྐད་ཀྱིས་རྩྭ་ཐང་གི་རེ་བ་གླེང་བཞིན་མཆིས།  “ཟླ་ངོགས་སུ་བསྐྱོད་པ”ཞེས་པའིMVབརྙན་ཐུང་དེ་འགྲེམ་སྤེལ་བྱས་རྗེས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ངེས་པ་ཞིག་རེད།
          ཀྲུང་གོའི་ཐོག་དང་པོའི་བོད་རིགས་བུད་མེད་ཚན་སྡེབ་ཅིག་སྟེ་ཨ་ཅག་ཚན་སྡེབ་ཀྱི་བོད་མིའི་གཤིས་རྒྱུད་དང་ལྷན་སྐྱེས་ཀྱི་སྐད་ངག    གར་སྟེགས་སྟེང་གི་རྣམ་པ་སོགས་ཕྱོགས་གང་མང་ནས་དགོང་ཚོགས་ཀྱི་འཁྲབ་ཁྲིད་པ་དང་རྒྱ་ཆེ་བའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།   
          ཨ་ཅག་ཚན་སྡེབ་འཁྲབ་སྟོན་ལ་ཞུགས་པའི་བོད་ལྗོངས་ལོ་རྒྱུས་རང་བཞིན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར《བོད་ལྗོངས་ཀྱི་གསང་བ》(དངོས་མིང་ལ་བཀྲ་ཤིས་བདེ་ལེགས)ཞེས་པ་ད་ལྟ་ལེགས་འགྲུབ་འབྱུང་ལ་ཉེ་བ་དང་། རྒྱུས་ལོན་བྱུང་བ་བ་ལྟར་ན་བརྙན་ཕབ་འདི་ཕྱི་ལོའི་ཀྲུང་དབྱང་བརྙན་འཕྲིན་སྟེང་ཚ་ཚ་འུར་འུར་ངང་གཏོང་བའི་ཟློས་གར་ཞིག་ཡིན་པར་བརྗོད་ཅིང་།  དེའི་ཁྲོད་ཨ་ཅག་ཚན་སྡེབ་ཀྱིས་བརྙན་ཕབ་འདིར་མཉམ་ལེན་བྱས་པའི“བྱམས་པ་བོར་སོང”ཞེས་པས་གླུ་གཞས་ལ་དུངས་བའི་ལྷན་རྒྱས་ཡོངས་ཀྱིས་དོ་སྣང་བྱེད་ས་ཞིག་ཏུ་འགྱུར་ངེས།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།