ཨ་ཅག་ཚན་སྡེབ་ཐང་ག་སྒྱུ་རྩལ་འགྲེམ་སྟོན་ལ་ཞུགས་ཏེ་གཟུགས་འདས་ཤུལ་བཞག་རིག་གནས་ལ་དོ་སྣང་བྱེད་པ།




ཨ་ཅག་ཚན་སྡེབ།
          ཉེ་ལམ།  ཨ་ཅག་ཚན་སྡེབ་རིགས་འཛོམས་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱིས་འགྲེམ་སྟོན་བྱས་པའི་ཇོ་ནང་ཐང་ག་སྒྱུ་རྩལ་འགྲེམ་སྟོན་ཞེས་པར་ཞུགས།  འདི་ནི་ཀྲུང་ཧྭ་རིག་གནས་ཡར་སྐུལ་ཚོགས་པ་དང་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་།  ཀྲུང་གོ་གཟུགས་འདས་ཤུལ་བཞག་རིག་གནས་ལྟེ་གནས་ཀྱིས་རྒྱབ་སྐྱོར་གནང་སྟེ་སྤེལ་པའི་བྱ་འགུལ་ཞིག་ཡིན།  
          ཐེངས་འདིའི་འགྲེམ་སྟོན་བྱ་འགུལ་ནི་ཐེངས་དང་པོར་ཇོ་ནང་ཐང་ག་འདི་གྲོང་ཁྱེར་ཁག་ཏུ་རྒྱ་ཁྱབ་འགྲེམ་སྟོན་བྱས་པ་ཞིག་ཡིན་ཞིང་།  མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འདི་ནི་འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐང་ག་སྒྱུ་རྩལ་ཡིན་པར་ངོས་འཛིན་དང་གཏན་འཁེལ་བྱས།  བོད་ཀྱི་རིག་གནས་ཆ་ཤས་ཁྲོད་ཐུན་མོང་མ་ཡིན་པའི་མཛེས་རིས་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས་རྒྱལ་སྤྱི་དང་ལས་རིགས་སོ་སོའི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ་རེད།  
          དེ་ཡང་བོད་ལྗོངས་གཞིས་ཀ་རྩེ་ལྷ་རྩེ་ས་ཁུལ་གྱི“ཇོ་ནང་མཛེས་རིས་རུ་ཁག”ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་བ་དང་སྒྱུ་རྩལ་གྱི་ཆུ་ཚད་གཟེངས་སུ་ཐོན་པར་བརྟེན་མཚན་སྙན་རྒྱས་པ་རེད།  
          ཨ་ཅག་ཚན་སྡེབ་ཀྱིས་རང་མི་རིགས་ཀྱི་སྒྱུ་རྩལ་ལ་དུངས་ཤིང་སྤྲོ་བས་སྒྱུ་རྩལ་བརྩམས་ཆོས་འདི་དག་མཐོང་རྗེས་རང་དབང་མེད་པར་སྤྲོ་སེམས་འཁོལ་ཞིང་།  དེའི་མཚུངས་སུ་བོད་ཀྱི་ཡིག་གཟུགས་བྲིས་ཏེ་འདིར་བཞུགས་སྐུ་མགྲོན་རྣམས་ཀྱིས་བསྟོད་པ་བྱས་བྱུང་།  2012ལོ་སླེབས་ལ་ཉེ་བའི་དུས་འདིར། ཨ་ཅག་ཚན་སྡེབ་ཀྱི་ཆེད་བསྒྲིགས་གཞས་གསར《ཨ་ཅག   ཟླ་ངོགས་སུ་བསྐྱོད་པ》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ་ཞིང་།  དེ་ཡང་ཆེད་བསྒྲིགས་ཧྲིལ་བོར་བོད་ཀྱི་མཛའ་གཞས་གསར་བ་ཡིན་པ་དང་། སྔར་ཡོད་ཀྱི་དམངས་གླུ་ལ་བཟུང་བའི་ལྟ་སྟངས་བསྒྱུར་ཏེ་རྣམ་པ་གསར་བའི་ལམ་བུ་ཞིག་བསྐྲུན་པ་རེད།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།