ཡར་དུང་གི་བརྙན་འཁོར་གསར་བ《ངའི་མཛེས་སྡུག་གི་ཕ་ཡུལ་ཁྱ་དགེ》འགྲེམ་སྤེལ་བྱས་པ།




གླུ་བ་ཡར་དུང་གི་བརྙན་འཁོར་གསར་བ《ངའི་མཛེས་སྡུག་གི་ཕ་ཡུལ་ཁྱ་དགེ》ཞེས་པའི་པར་རིས།
ཉེ་སྔོན། གངས་ཅན་བོད་ཡུལ་དུ་སྙན་པ་དབྱར་རྔའི་ཟླ་བཞིན་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པའི་གླུ་བ་ཡར་དུང་གི་བརྙན་འཁོར་གསར་བ《ངའི་མཛེས་སྡུག་གི་ཕ་ཡུལ་ཁྱ་དགེ》ཞེས་པ་འགྲེམ་སྤེལ་བྱས།
གླུ་བ་ཡར་དུང་གིས་སྔ་རྗེས་སུ《ཐང་དཀར་རྒོད་པོ་ལ་འཁོར་བའི་སེམས་པ》དང་། 《ཁམས་པའི་ཕོ་གསར》། 《མཆོད་རྟེན་དཀར་པོ》། 《མཚོ་སྔོན་པོ》། 《ཨ་མའི་པགས་རྩག》། 《བརྩེ་ལྡན་གྱི་ནུ་བོ》། 《བུ་མོ་ཟླ་བ་སྒྲོལ་མ》། 《སྒྲོལ་མ》། 《བྱམས་སེམས་ཅན་གྱི་ཨ་མ》། 《ལས་དབང》། 《པཎ་ཆེན་དྲན་གླུ》སོགས་གླུ་གཞས་མང་པོ་འགྲེམ་སྤེལ་བྱས་ཤིང་། ཁོང་གི་གླུ་གཞས་ཀུན་མདོ་དབུས་ཁམས་གསུམ་ཙམ་མ་ཟད། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྐྱེས་བུ་གང་མང་མང་ཞིག་གི་དགའ་བསུ་ཐོབ་དང་ཐོབ་ཀྱིན་ཡོད།
ཡར་དུང་གི་བརྙན་འཁོར་གསར་བ《ངའི་མཛེས་སྡུག་གི་ཕ་ཡུལ་ཁྱ་དགེ》ཞེས་པའི་ཁྲོད་ང་ཚོས་ཡང་བསྐྱར་ཁོང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོར་རོལ་མྱོང་བྱེད་ཐུབ་པ་དང་མཉམ་དུ། ཁྱ་དགེ་ཡུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་གིས་ང་ཚོའི་བསམ་པའི་མེ་ལོང་གི་ངོས་སུ་སུམ་རྩེན་ཡུལ་གྱི་དཔལ་དང་འགྲན་པའི་མཚར་ཞིང་ལྟ་ན་སྡུག་པའི་ཡུལ་ཁམས་ཀྱི་དཔེ་རིས་ཤིག་བསྐྲུན་བྱུང་བས། བརྙན་འཁོར་འདི་ནི་ཀུན་གྱི་རྣ་བའི་བདུད་རྩི་དང་མིག་གི་དགའ་སྟོན་གྱི་དཔལ་དུ་འགྱུར་ངེས་སོ། །
 མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།