བོད་ཀྱི་བརྙན་ཕྲན《དེ་བས། ང》ཞེས་པ་དྲ་ལམ་ནས་ཐོག་མར་བཏང་བ།



《དེ་བས། ང》ཞེས་པའི་བརྙན་ཕྲན་བྱ་བ་སྒྲུབ་པའི་ཚུལ།
          ཉེ་ཆར།  TBམཐུན་ཚོགས་ཀྱི་གསར་ཕབ་བརྙན་ཕྲན《དེ་བས། ང》ཞེས་པ་ཟླ2བའི་ཚེས18ཉིན་དྲ་ལམ་དུ་ཐོག་མར་བཏང་བ་དང་།  གློག་བརྙན་འདི་བཟོ་སྐྲུན་བྱེད་མཁན་ནི་ལྷ་སའི་ས་གནས་ཀྱི་གློག་བརྙན་ཕབ་སྐྲུན་ལ་དུངས་བའི་བོད་རིགས་ན་གཞོན་པ་སྐོར་ཞིག་ཡིན་ལ། ཁོ་ཚོའི་ཕབ་སྐྲུན་བྱེད་ཆས་ནི་པར་ཆས་ཤིག་ལས་གཞན་ཅི་ཡང་མེད་ཅིང་། འདི་ལྟ་བུའི་ཆ་རྐྱེན་ཞན་པའི་གནས་བབས་འོག་ཁོ་ཚོས་རང་ཉིད་ཀྱི་བརྩམས་ཆོས་གཉིས་ལེགས་འགྲུབ་བྱུང་ཡོད། 
དེ་བས། ང
 
TBམཐུན་ཚོགས་ཀྱི་མི་སྣ་གསུམ།
          འདི་སྔོན་ཁོ་ཚོས་ཕབ་སྐྲུན་བྱས་པའི་བརྙན་ཕྲན་ཐོག་མ《རྒྱུ་མཚན། ཁྱོད》ཞེས་པའི་ཀློག་གྲངས་ཁྲི10ལྷག་ལས་བརྒལ་བ་དང་། འདི་ནི་མ་དངུལ་འགྲོ་གྲོན་ཉུང་བའི་བརྙན་ཕྲན་གྱི་གྲུབ་འབྲས་བཟང་བོ་ཞིག་ཏུ་ངེས་ཤིང་རྒྱ་ཆེ་བའི་དྲ་གྲོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་གནང་།  ཡང་ཐེངས་འདིའི་བརྙན་ཕྲན《དེ་བས། ང》ཞེས་པའི་ཁྲོད་ཁོ་ཚོས་དངོས་ཡོད་བརྗོད་པའི་ཐབས་ཤེས་སྤྱད་དེ་གཉེན་དུངས་དང་མཛའ་བརྩེ་བར་གྱི་འགྲན་རྩོད་དང་།  འབྱོར་རབས་གཉིས་པ་དང་དབུལ་རབས་གཉིས་པའི་བར་གྱི་རིན་ཐང་ལྟ་བ་སོགས་མངོན་པར་བསྟན་ཡོད། 

《དེ་བས། ང》ཞེས་པའི་བརྙན་ཕྲན་ཕབ་སྐྲུན།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།