San Franciscoརྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་པདྨ་ཚེ་བརྟན་གྱི《ཁྱི་རྒན》འགྲེམ་སྟོན་བྱ་འཆར་ཡོད་པ



པདྨ་ཚེ་བརྟན་གྱི་གློག་བརྙན《ཁྱི་རྒན》།
          ཉེ་ལམ།  ཨ་རིའིSan Franciscoརྒྱལ་སྤྱིའི་གློག་བརྙན་མཐུན་ཚོགས་ཀྱིས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། སྐབས55བའིSan Franciscoརྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ཟླ4བའི་ཚེས19ནས་ཟླ5བའི་ཚེས3བར་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་ཤིང་།  དེར་ཀྲུང་གོའི་ཞང་ཀང་དང་རྒྱལ་ནང་གི་གློག་བརྙན་བརྩམས་ཆོས4འགྲེམ་སྟོན་བྱེད་རྒྱུ་ཡིན་པ་རེད། 
          འགྲེམ་སྟོན་དུ་ཞུགས་པའི་ཀྲུང་གོའི་གློག་བརྙན་བརྩམས་ཆོས4སྟེ།  རྒྱལ་ནང་གི་འཁྲབ་ཁྲིད་པ་ཚེའེ་ཧྲང་ཅུན་གྱི་གློག་བརྙན་གསར་བ《མི་ཚོགས་ཀྱི་གསེབ་ན》ཞེས་པ་དང་།  བོད་རིགས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི《ཁྱི་རྒན》།  ཞང་ཀང་གི་འཁྲབ་ཁྲིད་པ་ཏུའུ་ཆི་ཧྥིན་གྱི《སྲོག་འཁྱེར་གྱི་དངུལ་ནོར》།  ཁྲིན་ཁི་ཞིན་གྱི《དྲག་རྩལ》བཅས་ཡིན། 
          《ཁྱི་རྒན》ཞེས་པའི་གློག་བརྙན་འདིས་བོད་ཀྱི་ལོ་ལོན་རྒན་པ་ཞིག་དང་འབྲོག་ཁྱི་བར་གྱི་བརྩེ་བ་བརྗོད་ཅིང་། ན་ནིང་སྐབས་བཅུ་གཉིས་པའི་ཐོ་ཁེའོFilmexརྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ་པ་རེད།
1957ལོར་གསར་དུ་བཙུགས་པའིSan Franciscoརྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ཨ་རིའི་ལོ་རྒྱུས་སྟེང་ཆེས་རིང་བའི་གློག་བརྙན་དུས་སྟོན་ཞིག་ཡིན་ཞིང་། ཕྱི་རྒྱལ་གློག་བརྙན་དང་ཐུན་མིན་གྱི་གློག་བརྙན་འགྲེམ་སྟོན་བྱེད་པ་ཁྱད་ཆོས་སུ་བཟུང་བ་ཡིན། 
          ཉིན15རིང་གི་གློག་བརྙན་འགྲེམ་སྟོན་སྐབས་སུ། ལྟ་མཁན་རྣམ་པསSan FranciscoདངBerkeleyས་ཆ་གཉིས་བར་གྱི་གློག་བརྙན་ཁང5རུ་རྒྱལ་ཁབ་དང་ས་ཁུལ45ཡི་གློག་བརྙན174སྟོན་རྒྱུ་ཡིན་པ་དང་བསྡོམས་པས་སྐད་རིགས41འདུས་པ་རེད། གློག་བརྙན་འགྲེམ་སྟོན་དེར་འཁྲབ་ཁྲིད་གསར་བ་དང་།   གློག་བརྙན་ཐུང་ངུ། དངོས་བྱུང་གློག་བརྙན། གཏམ་རྒྱུད་གློག་བརྙན་བཅས་སུ་རིགས་དབྱེ་བ་དང་། དེ་ལས་གློག་བརྙན4ནི་འཛམ་གླིང་དུ་ཐོག་མར་གཏོང་བ་རེད། 
          གློག་བརྙན་ལས་རིགས་མི་སྣ200ལྷག་འཆད་ཁྲིད་དང་གླེང་མོལ་ཚོགས་འདུ་སོགས་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། དཔྱད་འདེམས་པ14ལྷག་གིས་ཨ་སྒོར་ཁྲི7ཅན་གྱི་ཕེ་ཐུ་ཨུ་ཝུན་སི་བྱ་དགའ་དང་།  གསར་སྐྲུན་འཁྲབ་ཁྲིད་པའི་བྱ་དགའ། གསེར་སྒོའི་བྱ་དགའ་སོགས་བྱ་དགའི་བདམ་རྒྱུ་ཡིན་པ་རེད།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།