
དྲི་བ། ཁྱེད་རང་གིས་ད་ལྟ་བར་དུ་གཞས་བཏང་བའི་བརྒྱུད་རིམ་དང་འབྲེལ་བའི་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་རིག་འཛིན་དཔལ་མོ་ཟེར། སྐྱེ་ཡུལ་ཁམས་སྒ་བ་ནས་ཡིན། ང་ཚོའི་ནང་མི་ཚང་མ་གླུ་གཞས་གཏོང་མཁན་རེད། ང་རང་གླུ་གཞས་གཏོང་རྒྱུར་དགའ་པོ་ཡོད།

དྲི་བ། བོད་ཀྱི་གཞས་གཏོང་མཁན་ཞིག་ལ་མཚོན་ན་ཁྱད་ཆོས་ག་རེ་ཚང་དགོས་པ་རེད་བསམ་གྱི་འདུག
ལན། སྤྱིར་བཏང་གཞས་གཏོང་མཁན་ཞིག་ལ་མཚོན་ན་ཁྱད་ཆོས་མང་པོ་ཞིག་ཚང་དགོས་པ་དང༌། ལྷག་པར་བོད་ཀྱི་གཞས་པ་ཞིག་ལ་མཚོན་ན། སྐད་གདངས་ཡག་པོ་ཞིག་ཡོད་པའི་ཐོག བོད་མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་ཡོད་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག
དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་དུ་གཞས་གཏོང་སྐབས་ལྟ་སྟངས་མི་འདྲ་བའི་དཀའ་ངལ་ཡོད་དམ།
ལན། བོད་ནས་ཡོང་མཁན་གཞས་པ་རྣམས་ཀྱི་གཞས་གདངས་རྒྱ་གཞས་རེད་འདུག་ཟེར་མཁན་དང༌། འགའ་རེས་མི་འདོད་པའི་བསམ་ཚུལ་དང་རྣམ་འགྱུར་སྟོན་མཁན་དེ་འདྲ་ཡོད་ས་རེད། ཅིག་བྱས་ན་བདེན་པ་རེད། གང་ཡིན་ཟེར་ན། མི་ལོ་༥༠ རིང་རང་དབང་མེད་པར་བཙན་གནོན་གྱི་འོག་ཏུ་ཚུད་ནས། མི་རབས་གསར་རྙིང་བརྗེ་པོ་རང་བཞིན་གྱིས་ཐེབས་འགྲོ་ཡི་ཡོད་སྟབས། ཕྲན་བུའི་གཞས་གདངས་ཀྱི་རྣམ་པའི་ཐད་འགྱུར་བ་འགྲོ་སྲིད་པ་ཞིག་རེད། རྒྱ་གར་ནང་གི་བོད་ཀྱི་གཞས་པ་རྣམས་ཀྱི་གཞས་གདངས་ལའང་རྒྱ་གར་གྱི་གཞས་འདྲ་པོ་ཡོང་གི་འདུག དེ་ཚོ་ཚང་མ་ཁོར་ཡུག་གི་དབང་གིས་བྱུང་བ་ཞིག་རེད། དེ་ཚོ་དཀའ་ངལ་ཆེན་པོ་མ་རེད་བསམ་གྱི་འདུག
དྲི་བ། གཞས་ཀྱི་འོད་སྡེར་བཟོ་སྐབས་དཔལ་འབྱོར་གྱི་འགྲོ་སོང་དང་འབྲེལ་བའི་དཀའ་ངལ་ག་རེ་འདུག

དྲི་བ། བོད་གཞུང་དང་མང་ཚོགས་ཀྱི་ངོས་ནས་གཞས་པ་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པ་གང་འདུག
ལན། བོད་ཀྱི་གཞས་པ་གཞས་མ་རྣམས་ཀྱིས་འབད་པ་ཆེན་པོའི་ཐོག་ནས་གཞས་བཏང་བ་དེ་དག་ལ་མི་མང་གི་ངོས་ནས་དགའ་ཞེན་དང༌། རྒྱབ་སྐྱོར་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག འོད་སྡེར་གསར་པ་ཞིག་ཐོན་དུས་ལམ་སེང་དཔར་སློག་བརྒྱབ་སྟེ། འོད་སྡེར་དངོས་གནས་དེ་ཉོ་མཁན་ཉུང་ཉུང་ཆགས་ཀྱི་འདུག དེ་འདྲ་ཡིན་སྟབས་སྔོན་མ་དེའི་མ་རྩ་མ་ལོན་ན། རྗེས་མ་འོད་སྡེར་གསར་པ་བཟོ་རྒྱུར་དཔལ་འབྱོར་གྱི་འགོག་རྐྱེན་འཕྲད་ཀྱི་འདུག
དྲི་བ། མ་འོངས་པར་ཁྱེད་ཀྱིས་གླུ་གཞས་ག་འདྲ་གཏོང་རྩིས་ཡོད།
ལན། ད་ལྟའི་ངའི་གཞས་ཀྱི་འོད་སྡེར་གསར་པ་ཕྱི་ཕྱོགས་ཧོང་ཀོང་སོགས་ནས་ཉོ་མཁན་མང་པོ་ཡོང་གི་འདུག དེར་བརྟེན་ད་དུང་བོད་མི་རིགས་ཀྱི་ལ་རྒྱ་དང༌། བོད་མིའི་བདེ་སྡུག་མཚོན་པའི་གཞས་གང་མང་བཟོ་འཆར་ཡོད། བོད་མི་རིགས་ཀྱི་རྩ་དོན་དེ་ྋགོང་ས་མཆོག་གཅིག་པུ་མ་ཡིན་པར་ང་ཚོ་ཚང་མའི་ལས་འགན་ཡིན་སྟབས། ང་རང་ལ་མཚོན་ན་ཡང་མ་འོངས་པར། རྒྱ་སྐད་ཀྱི་ཐོག་ནས་བོད་མི་རིགས་ཀྱི་གནས་སྟངས་སྐོར་གྱི་གཞས་བཏང་སྟེ། ཕྱི་ཕྱོགས་ཀྱི་རྒྱ་མི་རིགས་ལ་ཁྱབ་བསྒྲགས་བྱེད་ཐུབ་ན་བསམ་པའི་རེ་བ་ཡོད།
དྲི་བ། མཇུག་ཏུ་ཁྱེད་ཀྱིས་བོད་ཀྱི་གཞས་པ་གཞས་མ་རྣམས་དང་བོད་མི་མང་ལ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན། བོད་ཕྱི་ནང་གཉིས་ལ་བཞུགས་པའི་གཞས་པ་གཞས་མ་ཉམས་མྱོང་ཅན་རྣམས་ཀྱིས་གཞས་པ་གཞས་མ་གསར་པ་རྣམས་ལ། སྒྱུ་རྩལ་གྱི་ཁྱད་ཆོས་དང་ཉམས་མྱོང་ངོ་སྤྲོད་གནང་ཐུབ་ན་ཕན་ཐོགས་ཆེན་པོ་འདུག་ལ་འབོད་སྐུལ་ཡང་ཞུ་རྒྱུ་ཡིན།།
བང་ཆེན་དྲ་བ།
No comments:
Post a Comment
སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།