གླུ་བ་འཕྲིན་ལས་རྒྱ་མཚོའི་ཕ་སྐད་ཆེད་སྒྲིག་ཐོག་མ《ཡར་ཡར་འགྲོ》འགྲེམ་སྤེལ་བྱེད་བཞིན་པ།



         ཉེ་ལམ།  བོད་རིགས་གླུ་བ་འཕྲིན་ལས་རྒྱ་མཚོའི་ཕ་སྐད་གཙང་མའི་ཆེད་སྒྲིག་ཐོག་མ་དང་མི་སྒེར་གྱིས་བླངས་བའི་ཆེད་སྒྲིག་གསུམ་པ《ཡར་ཡར་འགྲོ》ཞེས་པ་འགྲེམ་སྤེལ་བྱེད་བཞིན་ཡོད་ཅིང་།
ཆེད་སྒྲིག་འདིའི་ནང་གླུ་བ་འཕྲིན་ལས་རྒྱ་མཚོས་མིང་དུ་གྲགས་པའི་གླུ་མ་འཕྱོངས་ཞོལ་སྒྲོལ་མ་དང་མཉམ་འབྲེལ་སྒོས《ལས་འབྲས་དང་མཛའ་བརྩེ》ཞེས་པའི་གླུ་གཞས་བླངས་ཡོད་པ་རེད། 
         ཆེད་སྒྲིག་གསར་བ་འདི་ཚོང་རར་ཐོན་མ་ཐག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། དེར《ཡར་ཡར་འགྲོ》དང་། 《མེ་ཏོག་སྒྲོལ་མ》། 《ལས་འབྲས》། 《སེམས་ཀྱི་ཉི་ཟླ》། 《ཨ་མ་མཁའ་འགྲོ་མ》། 《ལས་འབྲས་དང་མཛའ་བརྩེ》སོགས་གཞས12འདུས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།