དང་བའི་དད་མོས་བརྗོད་པའི་པདྨ་རྡོ་རྗེའི་ཆེད་སྒྲིག་བརྙན་འཁོར《དད་སེམས》།



གླུ་བ་པདྨ་རྡོ་རྗེ།
  ཉེ་སྔོན། སེམས་ཀྱི་ཉི་ཟླའི་རིག་གནས་གནས་སྐོར་དུས་ཆེན་གྱི་བྱད་གཟུགས་ཚབ་མཚོན་པ་པདྨ་རྡོ་རྗེ་ལགས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྤྲོ་ཚོགས་ཤིག་གི་སྟེང་ཞུགས་པ་དང་། ཁོང་གིས་ཆེད་སྒྲིག་བརྙན་འཁོར་གསར་བ《དད་སེམས》ཞེས་པ་ཀུན་གྱི་སྙན་ལམ་དུ་ཕུལ་ཞིང་། གླུ་གཞས་བརྒྱུད་ནས་སྤྱི་ཚོགས་ཀྱི་རྣམ་དཀར་དགེ་བའི་ལས་ལ་བསྟོད་བསྔགས་དང་ཡུན་ནན་ས་ཁུལ་གྱི་ནང་བསྟན་རིག་གནས་འཛིན་སྤེལ་བྱེད་པ་ཡིན།
 
  རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་བོད་བརྒྱུད་ནང་བསྟན་རིག་གནས་འབྲེལ་འདྲིས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ཡུན་ནན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་རིག་གནས་ཤེས་བྱ་དག་གླུ་གཞས་ལ་བརྟེན་ནས་ཁྱབ་སྒྲོག་བྱེད་པར་མ་ཟད། 《དད་སེམས》ཞེས་པའི་ནང་བསྟན་རིག་གནས་ཀྱི་གླུ་གཞས་ཆེད་སྒྲིག་བརྙན་འཁོར་ཞིག་སྒྲིག་བཟོ་བྱེད་པ་དང་། བརྙན་འཁོར་འདིའི་ཁྲོད་ཀྱི་གླུ་གཞས་ཡོངས་པདྨ་རྡོ་རྗེ་ལགས་ཀྱིས་ལེན་པ་ཡིན། ཁོང་གི་སྙན་འགྱུར་སྒྲ་འཛིན་གྱི་བཅུད་ལེན་པའི་དཔལ་དང་ལྡན་པའི་སྐད་ངག་སྙན་མོ་ལ་བརྟེན་ནས་ཆོས་ལུགས་ལ་དང་བའི་ཡིད་ཀྱིས་དད་པའི་དད་ལྡན་མང་ཚོགས་ཀྱི་རྣ་བའི་གསོས་སུ་འགྱུར་བའི་ནང་ཆོས་སྙན་དབྱངས་ཤིག་ཕུལ་རྒྱུ་དེ་ཡིན།
  པདྨ་རྡོ་རྗེ་ལགས་ཀྱི《དད་སེམས》ཞེས་པ་དེ་ད་ལྟ་སྒྲིག་བཟོ་བྱེད་བཞིན་པའི་སྒང་ཡིན་ཞིང་། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་རྒྱུ་རེད།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།