གླུ་བ་བསམ་ཁོའི་ཆེད་བསྒྲིགས་གསར་བ་སྟེ《བཀྲ་ཤིས་བདེ་ལེགས། ང་ཁྱོད་ལ་དགའ》།


   བསམ་ཁོའི2012ལོའི་གླུ་གཞས་ཆེད་བསྒྲིགས་གསར་བ་སྟེ《བཀྲ་ཤིས་བདེ་ལེགས། ང་ཁྱོད་ལ་དགའ》ཞེས་པ་ལེགས་འགྲུབ་བྱུང་ཞིང་། མི་རིགས་གླུ་གཞས་ཀྱི་ལུགས་གཞིར་བཟུང་ནས་དེང་རབས་ཀྱི་ཆ་ཅུང་ཙམ་སྤྱད་ཡོད་པའི་ཁར།
 མི་རིགས་ཀྱི་བྲོ་བ་ཡལ་མེད་པར་མ་ཟད་དེང་རབས་ཀྱི་ཆའང་དོད་པོ་ལྡན་ལ།  གླུ་གཞས་ལ་སྐྱེ་སྟོབས་གསར་བ་ཞིག་བག་གིས་བསྐྱེད་བྱུང་།
          《བཀྲ་ཤིས་བདེ་ལེགས། ང་ཁྱོད་ལ་དགའ》ཞེས་པའི་གླུ་ཚིག་གི་ནང་དོན་ནི་འདི་ལྟ་སྟེ།  གངས་རི་ནམ་མཁའ་དང་ཆེས་ཉེ་ཞིང་། རྩྭ་ལྗང་ས་གཞི་དང་ཆེས་ཉེ་བ། འུ་གཉིས་ཀྱི་བརྩེ་སེམས་ཆེས་འབྲལ་དུ་མི་འདུག  དགའ་བ་དང་སྐྱོ་བ་མཉམ་དུ་སྐྱོད་ཅིང་། ཨ་རག་གིས་སྤྲོ་སེམས་ལ་བཟི་བ་གཏོར་ལ། གཞས་དབྱངས་ཀྱིས་ཚེ་སྲོག་ལ་དབུགས་ཀྱི་རྒྱུ་བ་འདྲེན། ང་དང་ཁྱེད་ཀྱི་ཆེས་ལྷད་མེད་པའི་དུས་བཅད་དེ་ནི་ནམ་ཡང་བག་ཏུ་ཉལ་བས།  བཀྲ་ཤིས་བདེ་ལེགས། ང་ཁྱེད་ལ་དགའ། སེམས་ཁུངས་ནས་ཁྱེད་ལ་དགའ། བཀྲ་ཤིས་བདེ་ལེགས། ང་ཁྱེད་ལ་དགའ། ནམ་ཡང་མི་འབྲེལ།
          གླུ་བ་བསམ་ཁོའི《བཀྲ་ཤིས་བདེ་ལེགས། ང་ཁྱོད་ལ་དགའ》ཞེས་པའི་གླུ་གཞས་དང་བསྡོངས་ཏེ་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་རེ་བརྗོད་པར་བྱའོ།།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།