དོན་གྲུབ་ཚེ་བརྟན་ལགས་ཀྱིས་སྒེར་ངོས་ནས་མ་དངུལ་བསྡུས་ཏེ་གླུ་ལེན་ཆེད་ཚོགས་སྤེལ་བ།



  དབྱར་ཟླ་གསུམ་པའི་ཀླུ་ཆུའི་འགྲམ་ངོགས་ཀྱི་ལྕང་མའི་བསིལ་གྲིབ་འོག་ཏུ་ཡིད་འོང་སྙན་པའི་གླུ་སྐད་ཀྱིས་ཁྱབ་འདུག
  ཉེ་ལམ་ཅོ་ནེ་རྫོང་གི་རིག་གནས་ཁྲོམ་ར་འཁྲུག་པོ་ཡོང་བ་དང་། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་
གཏོང་བ། རིག་གནས་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་མི་དམངས་དང་མཉམ་དུ་རིག་གནས་སྒྲིག་སྲོལ་བཅོས་སྒྱུར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་བར་དམིགས་ནས། ཅོ་ནེ་རྫོང་མི་དམངས་སྲིད་གཞུང་གི་ཞིབ་འབེབས་ཆོག་མཆན་ལྟར་ཅོ་ནེ་རྫོང་གི་ན་གཞོན་འབྲོག་པ་དོན་གྲུབ་ཚེ་བརྟན་ལགས་ཀྱིས་སྒེར་ངོས་ཀྱིས་མ་དངུལ་བཙལ་བ་དང་ཇུས་འགོད་ལེགས་པོ་བྱས་པ་བརྒྱུད་ནས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཅོ་ནེ་རྫོང་བྲག་ཁུང་ལུང་ཡུལ་ཚོའི་མ་རུ་སྡེ་བ་ནས་མཐུན་སྒྲིལ་གྱི་རང་སྒྲ་སྟེ་འཆམ་མཐུན་ལ་བསྟོད་བསྔགས་ཞེས་པ་བརྗོད་དོན་དུ་བྱས་པའི་གླུ་ལེན་ཆེད་ཚོགས་ཤིག་བསྡུས།
  གླུ་ལེན་ཆེད་ཚོགས་སྟེང་ཤེར་བསྟེན་དང་ཚེ་དབང་ལྷ་མོ། སྒྲོན་བྷེ་དང་ལྷ་མོ་འཚོ་ལ་སོགས་པའི་གླུ་བ་གླུ་མ་མི12གདན་ཞུ་བྱས་ཡོད་པ་དང་། ཅོ་ནེ་རྫོང་གི་བོད་རིགས་སྒྱུ་རྩལ་ཚོགས་པས་གླུ་ལེན་གར་རྩེད་ཀྱི་ཉམས་དགའ་བའི་ལྟད་མོ་སྣ་ཚོགས་རོང་འབྲོག་མང་ཚོགས་ཁྲི་ལྷག་གི་མིག་གི་དགའ་སྟོན་དུ་བསྟར།

མཚོ་སྔོན་པོ་དྲ་བ།

刀知次旦个人筹资办藏歌演唱会

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།