བོད་ཀྱི་གླུ་བ་བསོད་ནམས་མགོན་པོ《ཛ་དྲག༦+༡》ནང་འགག་འཕྲང་བཞི་བར་ཚུད།


བོད་ཀྱི་གླུ་བ་བསོད་ནམས་མགོན་པོ《ཛ་དྲག6+1》ནང་འགག་འཕྲང་བཞི་བར་ཚུད།
བོད་ཀྱི་གླུ་བ་བསོད་ནམས་མགོན་པོ《ཛ་དྲག༦+༡》ནང་
འགག་འཕྲང་བཞི་བར་ཚུད།
         ཟླ༩བའི་ཚེས༥ཉིན། བོད་ཀྱི་གླུ་བ་བསོད་ནམས་མགོན་པོས《ཛ་དྲག༦+༡》འགྲན་བསྡུར་དུ་འཕྲང་རེ་རེ་ལས་བརྒལ་ཏེ་འགག་འཕྲང་བཞི་བར་ཚུད་ཅིང་མཐར་རྟིང་རྩོད་འགྲན་བསྡུར་གྱི་སྟེགས་བུར་འཁྱུད་ཐུབ་པ་བྱུང་ལ། ལོ་འདིའི《ཛ་དྲག༦+༡》འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པར་རེ་བ་ཤིན་ཏུ་ཆེ།

         ཐེངས་འདིར《ཛ་དྲག༦+༡》འགྲན་བསྡུར་གྱི་སྟེགས་བུར་འགྲེང་ཐུབ་པར་ཁོ་བོ་དགའ་སྤྲོས་དགྱེས་ཤིང་། ཉིན་དེར་བོད་ལྭ་གྱོན་ཏེ་ཡུལ་དངོས་སུ་བོད་ཀྱི་གླུ་གཞས་སྙན་ལྷང་ལྷང་དུ་ཕུལ་པས་ཡུལ་དངོས་གཟིགས་མོ་བ་རྣམས་ཀྱི་དང་བ་རབ་ཏུ་བཀུག ཁོས་བཤད་རྒྱུར། ཐེངས་འདིའི་འགྲན་རྩོད་པ་སོ་སོར་རང་ཉིད་ཀྱི་ནུས་སྟོབས་ཆེན་པོ་ལྡན་ནའང་ཁོ་བོར་སྔར་བཞིན་རང་རློན་ཆེ་ཞིང་བོད་ཀྱི་གླུ་གཞས་རྣལ་མས་གཟིགས་མོ་བ་དང་དཔྱད་འཇོག་པ་རྣམས་ཀྱི་ཡིད་སེམས་འགུག་ཐུབ་པར་ཡིད་ཆེས་ཟབ་མོ་བྱུང་ཟེར། དེ་མིན་བསོད་ནམས་མགོན་པོས་གཙོ་འཁྲབ་བྱེད་པའི་རོལ་མོའི་ཟློས་གར་ཆེན་མོ་རྒྱ་བཟའ་ཀོང་ཇོ་ཞེས་པ་མིག་སྔར་ཚ་ཚ་འུར་འུར་གྱིས་ཕབ་བཞིན་ཡོད་པ་དང་། ཟློས་གར་འདིའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲབ་སྟོན་བྱེད་པའི་བསོད་ནམས་མགོན་པོས་རྣམ་པ་ཇི་འདྲ་ཞིག་ཚང་མའི་སྤྱན་ལམ་དུ་ཕུལ་ངེས་པར་རེ་ལྟོས་ཆེན་པོ་བྱེད་འོས།
         རྒྱུས་ལོན་པ་ལྟར་ན། བསོད་ནམས་མགོན་པོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བཀྲ་ཤིས་ཁ་རྩྭ་ཐང་ཆེན་མོར་འཚར་ལོང་བྱུང་ཞིང་།  ཁོ་ཡང་གླུ་གཞས་རྩེད་འཇོ་ལ་དུངས་མཁན་གཞན་དག་དང་འདྲ་བར་ནམ་ཡང་རང་ཉིད་ཀྱི་བརྩོན་འགྲོས་མ་ལྷོད་པར་གླུ་གཞས་ཀྱི་ཕུགས་འདུན་ལ་སྙེག་པ་རེད། མཚོ་སྔོན་པོ་དྲྭ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།