གསར་སྐྱེས་གཞས་མ་སྒྲོལ་མ་སྐྱིད།


དེ་ཡང་གསར་སྐྱེས་གཞས་མ་སྒྲོལ་མ་སྐྱིད་ནི་མདོ་སྨད་མཚོ་ལྷོ་འབའ་རྫོང་ཁ་སྒང་སྡེ་བའི་མི་ཡིན་ལ། སྤྱི་ལོ་༢༠༠༠ལོ་ནས་བཟུང་སྟེ་ཁོ་མོ་ཐོག་མར་གླུ་གར་སྒྱུ་རྩལ་གྱི་ལམ་བུར་ཞུགས་ཤིང་།  
ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དེ་དང་རིགས་ཞེན་གྱི་སྤོབས་པ་དེ་ཡིས་མིའི་རིགས་ལ་ ཞབས་འདེགས་ཞུ་བའི་སེམས་འདུན་བཅངས་ཡོད་པར་མ་ཟད། ༢༠༡༠ལོར་གླུ་གཞས་གསར་བ་འགའ་ཕབ་སྐྲུན་བགྱིས། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་མི་སྣ་གལ་ཆེན་གྱི་གྲས་སུ་ཚུད་ ཡོད།  ཁོ་མོས་བཤད་རྒྱུར་ང་རང་ཆུང་དུས་ནས་བཟུང་གླུ་གར་སྒྱུ་རྩལ་གྱི་ལས་རིགས་ལ་དུང་ བ་ཟབ་ཅིང་། ལྷག་པར་དུ་བོད་ཀྱི་རི་གཞས་ལེན་རྒྱུར་ཤིན་ཏུ་དགའ་ཟེར།   ཡིན་ཡང་ཞིང་སྡེ་ཕལ་བའི་ཁྱིམ་ཚང་ནས་སྐྱེས་པའི་བུ་མོ་ཁོང་ལ་མཚོན་ན་རྒྱུ་ རྐྱེན་གང་མང་གི་དབང་གིས་ད་དུང་ཁོ་མོའི་གླུ་སྐད་སྙན་མོ་དེ་རི་ཁ་བ་ཅན་གྱི་ སྤུན་སྲིང་ཡོངས་དང་འཛམ་གླིང་གི་མིའི་རིགས་ལ་ལེགས་སྐྱེས་སུ་འབུལ་མ་ཐུབ་པ་ཇི་ འདྲའི་ཕངས་བ་ལ།  སྒྲོལ་མ་སྐྱིད་ནི་སྐད་ངག་སྙན་པ་གཅིག་པུ་མ་ཡིན་པར།  གཤིས་ཀ་དང་མི་གཞི་ཕྱོགས་གང་ཐད་ནས་ཅུང་ཕུལ་བྱུང་གི་མི་སྣ་ཞིག་རེད་ཅེས་བརྗོད་ ཀྱང་མི་ཆོག་པ་མེད་པར་སྙམ།  དེ་བས་འུ་བོད་པ་ཚང་གི་གཟི་བརྗིད་དུ་བརྩི་ཆོག་པའི་གཞས་མ་འདི་ཚང་མས་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་གནང་རྒྱུ་མ་བརྗེད་ཅིག  






                                          ༢༠༡༢ལོའི་ཟླ༡༠ཚེས་༢༡ཉིན་འབའ་ཐང་དུ་བྲིས། 

མགོ་ལོག་པ་འཇིགས་བྱེད་ཚེ་རིང་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།