གདུགས་དཀར་ཚེ་རིང་གི་གཞས་གསར《འོད་སྣང》དཔྱིད་གསར་དུས་ཆེན་སྐབས་སུ་འགྲེམ་རྒྱུ་ཡིན་པ།


གདུགས་དཀར་ཚེ་རིང་གི་རྐྱང་གཞས་གསར་བ《འོད་སྣང》ཅེས་པ་དཔྱིད་གསར་དུས་ཆེན་སྐབས་སུ་འགྲེམ་རྒྱུ་ཡིན་པ།
གདུགས་དཀར་ཚེ་རིང་གི་རྐྱང་གཞས་གསར་བ《འོད་སྣང》ཅེས་པ་
དཔྱིད་གསར་དུས་ཆེན་སྐབས་སུ་འགྲེམ་རྒྱུ་ཡིན་པ།
        ཉེ་ལམ། གདུགས་དཀར་ཚེ་རིང་གི་ཕ་སྐད་རྐྱང་གཞས་གསར་བ《འོད་སྣང》ཅེས་པ་སྦ་ནུས་མེད་པར་ཕྱི་རུ་བསྒྲགས་ཡོད་ཅིང་། MVཁྲོད་ཕ་ཡུལ་གཅིག་པའི་གླུ་
མ་གཡང་ཕྱུག་འཚོ་དང་མཉམ་དུ་རྐྱང་གཞས་ཕབ་པ་དང་། ཟོན་ཐར་རྒྱལ་དང་ཝང་མཱིན་གཉིས་ཀྱིསMVཕབ་སྐྲུན་གྱི་འགན་བླངས་པ་རེད།
        ཁོས་ཐོག་དང་པོར་རང་ཉིད་ཀྱིས་སྒྲིག་བཟོ་དང་། འཁྲབ་ཁྲིད། གླུ་བ་བཅས་ཀྱི་འགན་གཅིག་ལྕོགས་སུ་བླངས་ཏེ་རང་ཉིད་ལ་གྲུབ་འབྲས་གསར་བའི་ཚོར་སྣང་བསྐྱེད་ཅིང་། ལོ་གསར་བའི་ནང་ཡང་རྣམ་པ་ཚོར་སྔ་ན་མེད་པའི་གླུ་གཞས་མང་བོ་ཕུལ་ཐུབ་པར་རེ་སྨོན་བྱེད་ཀྱི་ཡོད་པ་བསྟན།  
        སྔོན་དཔགས་ལྟར་ན་ཁོའིMVདེ2013ལོའི་དཔྱིད་གསར་དུས་ཆེན་སྐབས་སུiTunesདངYoutubeསོགས་དྲ་ལམ་ཁག་ཏུ་འཛམ་གླིང་ཧྲིལ་བོར་ཐོག་མར་འགྲེམ་རྒྱུ་ཡིན་ཞིང་། རྒྱལ་ནང་དུའང་ཐིན་ཞུན་དང་། ཞིན་ལང་། མཚོ་སྔོན་པོ་རོལ་མོའི་དྲ་བ་སོགས་སུ་རིན་མེད་མཉམ་སྤྱོད་བྱ་རྒྱུ་ཡིན་པ་རེད།   མཚོ་སྔོན་པོ་དྲྭ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།