གངས་ཅན་དགྱེས་གླུ་སྐལ་བཟང་ལའི་བོད་གླུ་འགྲན་ཚོགས་མཇུག་སྒྲིལ་བ།

 གངས་ཅན་དགྱེས་གླུ་སྐལ་བཟང་ལའི་བོད་གླུ་འགྲན་ཚོགས་མཇུག་སྒྲིལ་བ།
ཟླ༡༢པའི་ཚེས༢༩ཉིན།  ཁམས་པའི་བརྙན་འཕྲིན་ཁང་གི“སྐྱིད་པོ་སེམས་ཀྱི་ཉི་ཟླ། གངས་ཅན་དགྱེས་གླུ་སྐལ་བཟང་ལའི་བོད་གླུ་འགྲན་ཚོགས”ཞེས་པ་བདེ་བླག་ངང་མཇུག་སྒྲིལ་བ་རེད། 

        ཐེངས་འདིའི་འགྲན་ཚོགས་ནི་ཁམས་པའི་བརྙན་འཕྲིན་ཁང་དང་། ཆབ་མདོ་དང་ཡུལ་ཤུལ།  དཀར་མཛེས།  རྔ་བ། བདེ་ཆེན་བཅས་ཀྱི་དྲིལ་སྒྲོག་པུའུ་ཕན་ཚུན་མཉམ་འབྲེལ་སྒོས་སྤེལ་བ་ཡིན་ཞིང་།  ལེགས་འདེམ་བྱས་པར་བརྒྱུད། མཐར་མི130ལྷག་ཁྲིན་ཏུའུ་རུ་སྤེལ་བའི་རྟིང་རྩོད་འགྲན་བསྡུར་དུ་ཞུགས། རྟིང་རྩོད་འགྲན་བསྡུར་རུ་རྡུང་ལེན་མཁན་པོ་དཔལ་མགོན་དང་། བོད་ལྗོངས་རོལ་མོ་བའི་མཐུན་ཚོགས་ཀྱི་འགོ་གཙོ་མེ་གླིང་རྡོ་རྗེ། ཀྲུང་གོའི་གྲངས་ཉུང་མི་རིགས་སྒྲ་དབྱངས་སློབ་ཚོགས་ཀྱི་འགན་འཛིན་པ་ཚེ་རིང་གཡུང་དྲུང་སོགས་རོལ་མོའི་ཁྱབ་ཁོངས་ཀྱི་མིང་གྲགས་མི་སྣ་སྐོར་ཞིག་ཐེངས་འདིའི་འགྲན་ཚོགས་ཀྱི་དཔྱད་འདེམ་པར་གདན་ཞུ་བྱས་ཡོད་པ་རེད།
        མཇུག་མཐར། ཨ་ཆེན་དང་། པདྨ་གཡང་སྐྱིད། བཅོ་ལྔ་ལྷ་མོ་བཅས་ཀྱིས་ཨང་དང་པོ་དང་། བཀྲ་ཤིས་རབ་བརྟན་དང་། འབའ་གཞས་ཚན་སྡེབ་སོགས་ཀྱིས་ཨང་གཉིས་པ། སི་ཁྲོན་རྔ་བ་འགྲན་ཁུལ་གྱི་བུད་མེད་འགྲན་ཞུགས་པ་ཨ་ཆེན་ལ་རྟིང་རྩོད་བྱ་དགའ་བཅས་ཐོབ་པ་རེད། འདི་ལྟ་བུའི་འགྲན་བསྡུར་བརྒྱུད། བོད་ཁུལ་ས་ཆ་སོ་སོའི་གླུ་གར་རིག་གནས་ཀྱི་ཁྱད་ཆོས་ཡོངས་སུ་ངོམས་ཤིང་། བོད་ཀྱི་ཕུལ་བྱུང་གཞས་དང་། རོལ་མོ།  དམངས་གླུ་སོགས་སྔོག་འདོན་དང་ལེགས་སྒྲིག་བྱས་ལ། གངས་ལྗོངས་མཐོ་སྒང་རིག་གནས་ཕུན་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཆེན་པོ་ཐེབས་ངེས། མཚོ་སྔོན་པོ་དྲྭ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།