ཨ་ཅག་ཚན་སྡེབ་སྤྱི་ཕན་འཁྲབ་སྟོན་ལ་ཞུགས་ཏེ་གཡག་རྔར་ཞལ་འདེབས་བསྡུས་པ།


ཨ་ཅག་ཚན་སྡེབ་སྤྱི་ཕན་འཁྲབ་སྟོན་ལ་ཞུགས་ཏེ་གཡག་རྔར་ཞལ་འདེབས་བསྡུས་པ།
ཨ་ཅག་ཚན་སྡེབ་སྤྱི་ཕན་འཁྲབ་སྟོན་ལ་ཞུགས་ཏེ་གཡག་རྔར་ཞལ་འདེབས་བསྡུས་པ།
        ཉེ་སྔོན། རྒྱལ་སྤྱིའི་སེངྒེ་ཚོགས་པའི་ཀྲུང་གོའི་སེངྒེ་མཉམ་འབྲེལ་ལྷན་ཚོགས་པེ་ཅིང་ཚོགས་མི་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྒྲུབ་པའི་གཡག་རྔར་ཞལ་འདེབས་བསྡུ་བའི་སྤྱི་ཕན་འཁྲབ་སྟོན་དེ་པེ་ཅིང་དུ་སྤེལ་ཞིང་། ཨ་ཅག་ཚན་སྡེབ་དང་། འབྲོག་སྒྲོལ་མ། ཀྲང་ཁྲུའུ། ཧི་ཡུང་སོགས་སྒྱུ་རྩལ་པ་གང་མང་ཕན་ཚུན་སྐུལ་སློང་སྒོས་གཡག་རྔ་ས་འགུལ་གནོད་ཐེབས་ལ་གསོལ་སྨོན་བྱས་ཤིང་། ཐེངས་འདིའི་སྤྱི་ཕན་འཁྲབ་སྟོན་གྱི་སྒོ་འཛུལ་འཛིན་ཤོག་དང་ཡུལ་དངོས་ཀྱི་ཞལ་འདེབས་ཡོང་སྒོ་ཡོངས་གཡག་རྔར་ཞལ་འདེབས་སུ་ཕུལ་བར་ཀྲུང་གོའི་སེངྒེ་མཉམ་འབྲེལ་ལྷན་ཚོགས་ལ་སྤྲད།

        དགོང་མོ་དེར། ཨ་ཅག་ཚན་སྡེབ་ནི་ཞལ་འདེབས་ཕུལ་མཁན་གྱི་སྐུ་མགྲོན་ཡིན་པའི་ཆ་ནས། ཀན་ལྷོ་བོད་ཁུལ་གྱི་ནོར་ལྷའིNor Lhaཐོན་རྫས་ཏེ་གཡག་རྩིད་ལས་བཟོས་པའི་སྐེ་དཀྲིས་ཁྱེར་ཡོང་ནས་འོས་འཚོང་བྱ་འགུལ་བརྒྱུད། གཡག་རྔ་ས་འགུལ་གནོད་ཐེབས་ཀྱི་མང་ཚོགས་ལ་ཞལ་འདེབས་བསྡུས།
        ཨ་ཅག་ཚན་སྡེབ་ནི་སི་ཁྲོན་གྱི་གླུ་མའི་ཚན་སྡེབ་ཅིག་ཡིན་པ་དང་།  ཁོ་མོ་ཚོས་སྔོན་དུ་བཀོད་སྒྲིག་བྱས་ཡོད་པའི་བྱ་འགུལ་ཡོད་ཚད་ཕྱིར་འཐེན་བྱས་ཏེ་དེ་མུར་གཡག་རྔ་གནོད་ཐེབས་སུ་ཞལ་འདེབས་ཕུལ་བའི་ལས་ལ་བྲེལ་ཞིང་། ཁོ་ཚོས་འདི་ལྟ་བུའི་སྤྱི་ཕན་བྱ་འགུལ་ལ་ཞུགས་ནས་མ་དཔེ་གཞན་སྟོན་གྱི་ནུས་པ་ཆེས་ཆེར་ཐོན་པ་དང་། ཀྲུང་གོའི་སེངྒེ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འདི་ལྟ་བུའི་སྤྱི་ཕན་འཁྲབ་སྟོན་སྤེལ་བར་བཀའ་དྲིན་ཞུས་པ་མ་ཟད་ཡུལ་དངོས་སུ་སླེབས་པའི་བྱམས་ལྡན་མི་སྣ་དག་ལའང་སྙིང་ཐག་པ་ནས་གུས་འདུད་ཞུས།
        རྒྱུས་ལོན་བྱུང་བ་ལྟར་ན། གཡག་རྔའི་སྤྱི་ཕན་འཁྲབ་སྟོན་ནི་འཁྲབ་སྟོན་སྒྱུ་རྩལ་ཁྱབ་ཁོངས་ཀྱིས་ཆེད་དུ་གཡག་རྔའི་ས་འགུལ་གནོད་ཐེབས་སུ་སྤེལ་བའི་འཁྲབ་སྟོན་བྱ་འགུལ་ཆེན་པོ་ཞིག་ཡིན་ཞིང་། ཡུལ་དངོས་ཀྱི་ཡོང་སྒོ་སྒོར་ཁྲི22ལ་བུད་པ་དང་། འདིས་འཁྲབ་སྟོན་སྒྱུ་རྩལ་པ་དང་བྱམས་ལྡན་མི་སྣ་དག་གི་རྒྱུད་ལས་བྱུང་བའི་བྱམས་དང་སྙིང་རྗེ་ཡོངས་སུ་མཚོན་ནོ།།
མཚོ་སྔོན་པོ་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།