མཚོ་སྔོན་པོ་དྲ་བ་ནས།


གཡང་དྲུང་རྒྱལ་གྱི་ཆེད་སྒྲིག་བརྙན་འཁོར་གསར་བ«གསང་བ་ལྟ་བུའི་བོད»ཅེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།


གླུ་བ་གཡང་དྲུང་རྒྱལ་དང་ཁོའི་བརྙན་འཁོར་གསར་བ།
  ཉེ་ལམ། གཡང་དྲུང་རྒྱལ་གྱི་ཆེད་སྒྲིག་བརྙན་འཁོར་གསར་བ«གསང་བ་ལྟ་བུའི་བོད»ཅེས་པ་ཡོངས་སུ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་རེད།  དེ་ནི་ཁོའི་ཆེད་སྒྲིག་བརྙན་འཁོར«མཐོ་སྒང་དམར་པོ»དང«ངོ་མཚར་ཆེ་བའི་གཟི་ཚ་སྡེ་དགུ»སོགས་ཀྱི་རྗེས་ཀྱི་བརྙན་འཁོར་གསར་བ་ཞིག་ཡིན་ལ་གེ་སར་རྒྱལ་པོའི་ལོ་རྒྱུས་ཀྱི་ནང་དོན་རྒྱབ་ལྗོངས་སུ་བྱས་ནས་དཔའ་བོ་ཁོང་གི་མཛད་རྗེས་ལ་བསྟོད་བསྔགས་བྱས་ཡོད་པའི་གླུ་ཚིག་གཙོ་བོ་ཡིན། 
  དེ་ལས་གཞན་དང་མི་འདྲ་བ་ཞིག་ནི་བརྙན་འཁོར་འདིའི་ནང་རང་མི་རིགས་ཀྱི་རོལ་ཆས་མང་པོ་བཀོལ་ནས། མི་དམངས་མང་ཚོགས་ཀྱི་ཁ་བརྡ་དང་། ནོར་ནག་གི་ངུར་སྒྲ། གཡང་དཀར་གྱི་འབའ་སྒྲ་སོགས་ཀྱང་ཐད་ཀར་དུ་བརྙན་འཁོར་ནང་དུ་སྒྲ་བླངས་ཡོད། ཁོས་བཤད་རྒྱུར། རང་གི་བརྙན་འཁོར་འདི་ལས་བོད་མི་རིགས་ཀྱི་གཉུག་གནས་རོལ་དབྱངས་ཀྱི་རྣམ་པ་ཞིག་འབུར་ཐོན་བྱེད་ཐུབ་པར་སྨོན་ཟེར། བརྙན་འཁོར་ནང་གི«སྤུན་ཟླ»དང«གནས་སྤོ»ཞེས་པའི་གླུ་དབྱངས་གཉིས་ཀྱི་ཚིག་ནི་རྩོམ་པ་པོ་གྲགས་ཅན་ཨ་ལེ་ཡིས་བརྩམས་པ་ཡིན་པས་ཉན་མཁན་རྣམ་པར་གླུ་དབྱངས་གཞན་དང་མི་འདྲ་བ་དང་སྔར་མེད་པའི་སྤྲོ་བ་གསར་པ་ཞིག་སྟེར་ངེས་ཡིན།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།