མཚོ་སྔོན་པོ་དྲ་བ་ནས།


བོད་རིགས་གླུ་མ་ཨ་ལན་ཟླ་བ་སྒྲོལ་མ་དང་ཉི་ཧོན་འགུལ་རིས་གློག་བརྙན་སེང་ཁྱི་རྡོ་རྗེ།

ཉི་ཧོན་འགུལ་རིས་གློག་བརྙན་སེང་ཁྱི་རྡོ་རྗེའི་རྒྱ་ཁྱབ་བརྡ་སྦྱོར།

བོད་རིགས་གླུ་མ་ཨ་ལན་ཟླ་བ་སྒྲོལ་མའི་པར་ཆས་གཙོ་བསྒྲིགས།
            ཨ་ལན་ཟླ་བ་སྒྲོལ་མ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བསྟན་པ་རྫོང་དུ་སྐྱེས་བའི་བོད་ཀྱི་གླུ་མ་ཞིག་ཡིན་ཞིང་། ད་ལྟ་ཁོ་མོ་ནི་ཉི་ཧོནavex ཞེས་བའི་རོལ་རྩེད་ཀུང་ཟིའི་གླུ་མ་ཡིན། 
            ཉི་ཧོན་གྱི་འགུལ་རིས་གློག་བརྙན་སེང་ཁྱི་རྡོ་རྗེ་ཞེས་པ་ནི་ཉི་ཧོན་འབྱོར་ལྡན་གསུམ་གྱིས་མཉམ་བསྐྲུན་མཛད་པའི་བོད་མིའི་འཚོ་བ་བརྗོད་བྱར་བཞག་པའི་གློག་བརྙན་ཞིག་ཡིན་པ་དང་། ད་ལོའི་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ཉི་ཧོན་དུ་ཡོངས་སུ་ཤར་གཏོང་བྱས་པ་རེད། ཐེངས་འདིར་ཉི་ཧོན་རོལ་རྩེད་གར་སྟེགས་སུ་དར་ཁྱབ་ཆེ་བའི་བོད་ཀྱི་གླུ་མ་ཨ་ལན་ཟླ་བ་སྒྲོལ་མས་སེང་ཁྱི་རྡོ་རྗེ་ཞེས་བའི་གློག་བརྙན་དེ་ལ་བརྗོད་བྱ་མཚོན་བྱེད་ཀྱི་གཞས་བཏང་བས། ཉི་ཧོན་གྱི་མཚན་སྙན་ཆེ་བའི་འཁྲབ་ཁྲིད་པས་བོད་ཀྱི་མཛེས་མའི་ཚབ་བྱེད་ཅེས་གཟེངས་བསྟོད་ཐོབ་པ་རེད།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།