གངས་ཆབ་ཟེགས་མ་རྟགས་མའི་རྡུང་ལེན་འགྲན་སྡུར་སྐབས་བཞི་པའི་ཟི་ལིང་ས་ཁུལ་གྱི་ཐོག་མའི་འགྲན་སྡུར་ཚོགས་པ།



རྩོམ་ཁུངས་མཚོ་སྔོན་པོ་རླུང་འཕྲིན་དྲ་བ་ནས།

ལྷད་མེད་རང་གཤིས་དོད་པའི་རྨ་ཆུའི་གཞས་མ་དར་སྐྱིད།
  སྤྱི་ཟླ9བའི་ཚེས5ཉིན། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གངས་ཆབ་ཟེགས་མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་བཞི་པའི་ཟི་ལིང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་དེ་སྔ་དྲོའི་དུས་ཚོད་བཅུའི་སྟེང་མཚོ་སྔོན་རྒྱང་སྒྲོག་ལྟེ་གནས་སུ་ཚོགས། རེབ་འདིའི་འགྲན་ཚོགས་སྟེང་ཞིང་ཆེན་ཕྱི་ནང་གི་འགྲན་ཞུགས་རྡུང་ལེན་པ་བསྡོམས་པས་ཉེར་དགུ་ལྷག་ཐོན་ཡོད། ཐོག་མའི་འགྲན་སྡུར་གྱི་གོ་རིམ་ཡོངས་སུ་མཇུག་གྲིལ་རྗེས་རྡུང་ལེན་པ་བཅུ་བསྐྱར་འགྲན་གྱི་གྲས་སུ་བདམས་པ་དང་དེ་ལས་བུད་མེད་རྡུང་ལེན་པ་གསུམ་ཡོད། འགྲན་ཞུགས་ཀྱི་སྤྱི་ཕྱོགས་ནས་བལྟས་ན། འགྲན་ཞུགས་རྡུང་ལེན་པ་ཚོའི་སྐད་ངག་གི་འགྱུར་ཁུགས་དང་། སྒྲ་སྙན་རམ་དཀྲོལ་གྱི་རྩལ། ཉམས་འགྱུར་སོགས་ཅུང་བཟང་ལ་དེ་ལས་དམིགས་བསལ་གྱི་ཆའམ་སྔོན་གྱི་འགྲན་ཚོགས་དང་མི་མཐུན་པའི་སྣང་ཚུལ་གསར་པ་ཞིག་ནི་རྡུང་ལེན་པ་མང་ཆེ་ཤོས་ཀྱིས་སྒྲ་སྙན་འབྲུག་མགོ་མས་རམ་དཀྲོལ་བྱེད་བཞིན་པ་ཡོད་པ་མ་ཟད། རྡུང་ལེན་པ་ལ་ལ་ཞིག་གི་གཞས་ཚིག་གི་ནང་དོན་གཏིང་ཟབ་ལ་དབྱངས་ཀྱི་འགྱུར་ཁུགས་ཡང་རྡུང་ལེན་རིག་གནས་ཀྱི་རང་སྐྱ་འཕེར་བའི་ངོ་བོ་དང་ཀུན་ནས་མཐུན། དེ་བཞིན་དུ་གཞན་གྱིས་བླངས་ཟིན་པའི་གཞས་བསྐྱར་ལེན་དང་སྒྲ་སྙན་རྒྱུད་སྐུད་ཀྱི་གདངས་དང་རང་གི་སྐད་ངག་གི་གདངས་གཉིས་ཕྱོགས་གཅིག་ཏུ་རིས་ཐུབ་ཀིན་མེད་པ། རམ་དཀྲོལ་ལ་བྱང་ཆ་མེད་པ། རྡུང་ལེན་གྱི་དབྱངས་རྟར་དེང་གཞས་གྱི་ཆ་འདྲེས་པ། ཉམས་འགྱུར་ལ་ལྷོད་ཤ་མེད་པ་སོགས་ཀྱི་མི་འདང་སའི་གནས་ཀྱང་མཆིས། ཡིན་ཡང་། འདི་དང་འདི་ལྟ་བུའི་རྡུང་ལེན་འགྲན་ཚོགས་ཀྱི་མུ་རྒྱུད་གྱིས་མདོ་སྨད་ཀྱི་རིག་གནས་སྒྱུ་རྩལ་ཡན་གར་བ་འདི་ལ་མདུན་ལྗོངས་བཟང་པོ་མངོན་སྲིད་པར་ང་ཚོར་ཡིད་ཆེས་ཡོད།

འཕྱོར་སྒེག་རྒྱན་གྱིས་སྤྲས་པའི་རྐང་ཚའི་གཞས་མ་འཕགས་མོ་སྒྲོལ་མ།

ལང་ཚོའི་སྐྱེ་སྟོབས་ཀྱིས་འགྱིང་པའི་ཅོ་ནེ་གཞས་པ་སངས་བསོད།
དྲང་བདེན་ཐིག་གིས་འཇལ་བའི་དཔྱད་འདེམས་པ་རྣམ་པ།
སྙན་མོ་ངག་ལ་འགུག་པའི་མདོ་ལའི་གཞས་མ་ཛམ་བྷ་ལ།

གྲ་སྒྲིག་སྔོན་སྦྱོང་ལ་གཞོལ་བའི་ན་གཞོན་གཞས་པ།


མཇུག་འབྲས་ཐོབ་སྐར་བརྩི་བའི་སྤྱི་སྡོམ་པ་ལྷ་སྟག་དང་བསམ་གྲུབ་མཚོ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།