ན་གཞོན་གླུ་བ་རྟ་མགྲིན་ཚེ་རིང་གི་གླུ་ལེན་ཆེད་ཚོགས་ཟི་ལིང་ནས་བདེ་ལེགས་ངང་བསྡུས་པ།


མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་ནས།
undefined
གླུ་བ་རྟ་མགྲིན་ཚེ་རིང་།
              ཟླ9པའི་ཚེས20བོཉིན་བོད་ཀྱི་ན་གཞོན་གླུ་བ་རྟ་མགྲིན་ཚེ་རིང་གི་གླུ་ལེན་ཆེད་ཚོགས་ཟི་ལིང་བདེ་ལྡན་གླིང་མི་རིགས་གླུ་གར་ཁང་ནས་བསྡུས། རྟ་མགྲིན་ཚེ་རིང་ནི་རྒན་གྱ་རྩྭ་ཐང་དུ་ནར་སོན་ཞིང་གླུ་ལེན་སྒྱུ་རྩལ་ལ་དུངས་ཞེན་ཆེ་བའི་ན་གཞོན་གླུ་བ་ཞིག་ཡིན་ལ། ཉེ་བའི་ལོ་འགའི་ནང་ཁོ་རང་ཆེ་མ་ཆུང་གསུམ་གྱི་འཁྲབ་སྟོན་སྣ་ཚོགས་ལ་ཞུགས་པར་མ་ཟད། རང་ཉིད་ཀྱི་ཆེད་སྒྲིག་འོད་སྡེར་ཡང་དངོས་སུ་འགྲེམ་སྤེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་མི་དམན་པ་ཐོབ། རེབ་འདིའི་གླུ་ལེན་ཆེད་ཚོགས་ནི་རྟ་མགྲིན་ཚེ་རིང་གླུ་ལེན་སྒྱུ་རྩལ་གྱི་ལམ་ལ་ཞུགས་པའི་རིང་གི་སྤྱི་སྡོམ་བྱེད་ཐེངས་ཤིག་ཡིན་ལ་ཁོས་ཕ་ཡུལ་མི་དམངས་ལ་དྲིན་གཟོ་ཐེངས་ཤིག་ཀྱང་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གླུ་ལེན་ཆེད་ཚོགས་ཀྱི་འཛིན་བྱང་བཙོང་བའི་ཡོང་སྒོའི་ཕྱེད་ཀ་དེ་ཁོའི་ཕ་ཡུལ་གྱི་དྭ་ཕྲུག་སློབ་གྲྭ་ཞིག་ལ་ཞལ་འདེབས་སུ་འབུལ་རྒྱུ་རེད།

གླུ་བ་རྟ་མགྲིན་ཚེ་རིང་།

གླུ་བ་སྒྲོལ་མ་སྐྱབས།
undefined
གླུ་མ་མཁའ་མོ།
              གླུ་ལེན་ཆེད་ཚོགས་སྟེང་རྟ་མགྲིན་ཚེ་རིང་གིས་ཁོའི་ཕུལ་དུ་བྱུང་བའི་གླུ་གཞས་མང་པོ་འཁྲབ་ལེན་བྱས་པ་དང་གླུ་ལེན་ཆེད་ཚོགས་ཀྱི་འགོ་མཇུག་ཡོངས་སུ་སྤྲོ་སྣང་དང་ལང་ཚོའི་གཟི་ཤུགས་ཀྱིས་ཁེངས། གླུ་ལེན་ཆེད་ཚོགས་སྟེང་བོད་ཀྱི་གླུ་བ་སྒྲོལ་མ་སྐྱབས་དང་གངས་བཞུགས། གླུ་མ་མཁའ་མོ། མེ་ཏོག་ཆུན་པོའི་གླུ་མ་གཡང་ཕྱུག་འཚོ་སོགས་ཀྱིས་ཀྱང་སྙན་མོ་ངག་གི་འགྱུར་ཁུག་དབྱངས་ལ་བཀུག་ནས་ན་གཞོན་གླུ་བ་འདིའི་མི་ཚེའི་ཕུགས་བསམ་ལ་རང་ནུས་ཡོད་ཚད་ཀྱིས་རྒྱབ་སྐྱོར་བྱས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།