བོད་ཀྱི་ན་གཞོན་གླུ་བ་ཞིག་གི་ལྷག་བསམ།


ན་གཞོན་གླུ་བ་རྟ་མགྲིན་ཚེ་རིང་ནི་ནུབ་བྱང་དགེ་ཐོན་སློབ་གྲྭ་ཆེན་མོའི་རོལ་མོ་སློབ་གླིང་ནས་སློབ་མཐར་ཕྱིན་ལ། ཆུང་དུས་ནས་རོལ་མོའི་ཕྱོགས་ལ་དགའ་ཕྱོགས་ཆེས་ཆེར་ཡོད་པས། དེའི་ཕྱོགས་ལ་དཀའ་སྡུག་གི་རྔུལ་ཆུ་ཡང་གང་མང་གཏོར་མྱོང་། དེ་བས་ཁོ་ནི་དེང་རབས་སྤྱི་ཚོགས་སྟེང་ཧ་ཅང་དགའ་བསུ་ཐོབ་གྱིན་པའི་ན་གཞོན་གླུ་བ་ཞིག་ཏུ་གྱུར་ཡོད། ཟླ་འདིའི་ཚེས་20ཉིན་ཁོས་ཟི་ལིང་བདེ་ལྡན་གླིང་མི་རིགས་གླུ་གར་ཁང་ནས་རང་ཉིད་ཀྱི་གླུ་ལེན་ཆེད་ཚོགས་ཞིག་བསྡུ་རྒྱུ་ཡིན་ལ་དེ་ལས་ཡོང་སྒོ་ཚང་མས་ཕ་ཡུལ་གྱི་དྭ་ཕྲུག་སློབ་གྲྭ་ཞིག་ལ་རོགས་རམ་བྱེད་རྒྱུ་ཡིན་ཟེར། འདི་འདྲའི་བླ་ན་མེད་པའི་ལྷག་བསམ་ལ་རྗེས་སུ་ཡི་རང་བྱེད་པ་དང་ཆབས་ཅིག་བཀའ་དྲིན་སྙིང་ནས་ཞུ།
གླུ་བ་རྟ་མགྲིན་ཚེ་རིང་གི་གླུ་ལེན་དགོང་ཚོགས་ཀྱི་དྲིལ་སྒྲོག་བྱང་བུ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།