ཕྱུགས་རྫི་བུ་མོ་ཞིག་གི་ལས་དབང་།



ན་གཞོན་གླུ་མ་རིན་ཆེན་སྒྲོལ་མ།
གྲུང་ཞིང་ཡིད་དུ་འོང་ལ་གླུ་དང་གར་ལ་བྱང་ཆ་ལྡན་པའི་བོད་རིགས་བུ་མོ་རིན་ཆེན་སྒྲོལ་མ་ནི་ཀན་ལྷོ་ས་ཁུལ་ནས་མཚར་ལོངས་བྱུང་ཞིང་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ཁག་ཡོད་པས་ཆུང་དུས་རང་གི་ན་མཉམ་ཚོ་དང་འདྲ་བར་སློབ་གྲྭར་འགྲིམ་པའི་སྐལ་བ་མ་བྱུང་བར་ཕྱུགས་རྫི་བུ་མོ་ཆུང་ཆུང་ཞིག་ཏུ་གྱུར། རྗེས་ཀྱི་ལོ་བཅུ་ཡི་རིང་ལ་ཁོ་མོས་རང་གི་གླུ་སྐད་སྙན་མོས་སློབ་གྲྭར་འགྲིམ་འདོད་པའི་སྐོམ་པ་དང་སུན་སྣང་གི་སེམས་པ་རིང་ནས་སེལ་བ་ཡིན། ལོ་བཅུ་བདུན་གྱི་སྟེང་ཁོ་མོས་རང་གི་ནུས་པར་བརྟེན་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་ལོན་ཅུང་ཙམ་བྱེད་འདོད་ཆེ་བས་ཕ་མས་རང་ལ་གྲ་སྒྲིག་བྱས་པའི་གཉེན་སྒྲིག་གི་རྫོངས་བ་ཅུང་ཙམ་ཁྱེར་ནས་ཡུལ་མི་དང་ཕ་ཡུལ་གྱི་རི་ཆུ་རྒྱང་དུ་བཅད་ནས་རྒྱུས་མེད་ཀྱི་གྲོང་ཁྱེར་ཁྲིན་ཏུའུ་དང་ཧྲང་ཧེ་སོགས་ནས་ཞབས་ཞུའི་ལས་ཀ་གཉེར་བ་དང་། ཞོར་དུ་རྒྱ་སྐད་དང་རྒྱ་ཡིག་རང་སྦྱོང་བྱས། སྟབས་ལེགས་པ་ཞིག་ལ་ཁོ་མོའི་གླུ་སྐད་སྙན་མོ་དེ་མཱ་ཀྲུང་རོལ་མོ་ཀུང་ཟིའི་སྤྱི་གཉེར་བས་བློར་བབས་ནས་ཁོ་མོ་ཀུང་ཟི་དེས་ཆེད་ལས་ཀྱི་སྐྱེད་སྲིང་བྱེད་པའི་གོ་སྐབས་བྱིན་ནས༢༠༠༨ལོའི་ཟླ༡༠བར“སྐལ་བཟང་མེ་ཏོག”ཞེས་པའི་གཞས་གསར་པ་ཞིག་འགྲེམ་སྤེལ་བྱས་ནས་ཁོ་མོའི་རོལ་མོ་དང་འབྲེལ་བའི་མི་ཚེ་གསར་པ་དེའི་འགོ་བརྩམས། སྤོབས་པ་དང་ཕུགས་བསམ་གྱིས་ཁེངས་པའི་བོད་ཀྱི་གཞོན་སྐྱེས་གླུ་མ་རིན་ཆེན་སྒྲོལ་མའི་མ་འོངས་པའི་མདུན་ལམ་འོད་སྟོང་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུ།

མཚོ་སྔོན་པོ་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།