ནས་ཁུར་བུ་མོ།


    
    ནས་ཁུར་བུ་མོ།
ཚིག་བསྟན་པའི་སྐྱབས། 
གླུ་ལེན་མཁན་ལྷ་སྐྱིད།
 
ནས་ཁུར་བུ་མོ། ནས་ཁུར་བུ་མོ།
ལྗང་མྱུག་འདབ་ལོ་ལྡེམ་ལྡེམ། །
ཞིང་ལས་བུ་མོའི་ལས་དབང༌། །
སྙེ་མའི་འོག་གི་བསིལ་གྲིབ། །
བུ་མོའི་སྐྱོ་གྲོགས་ཡིན་སོང༌། །
ནས་ཁུར་བུ་མོ། བུ་མོ།
 
ནས་ཁུར་བུ་མོ། ནས་ཁུར་བུ་མོ།
གསེར་མདོག་ཉི་མས་བཞུས་པའི། །
བཞིན་གྱི་རྔུལ་ཆུ་ཁྲོམ་ཁྲོམ། །
རྔུལ་ཆུས་བསྙལ་བའི་ལོ་ཡག །
བུ་མོའི་འདུན་མ་ཡིན་སོང༌། །
ནས་ཁུར་བུ་མོ། བུ་མོ།
 
ནས་ཁུར་བུ་མོ། ནས་ཁུར་བུ་མོ།
ས་ཞིང་ཁ་རྒྱ་ཆེ་རུང༌། །
བུ་མོས་སྐྱོ་སྐྱོ་མ་གནང། །
འབྲུ་དྲུག་ཁྱིམ་ལ་ཐོན་དུས། །
ཁྱིམ་གྱི་ནོར་བུ་ཡིན་འགྲོ། །
ནས་ཁུར་བུ་མོ། ནས་ཁུར་བུ་མོ།
 བུ་མོ། ནས་ཁུར་བུ་མོ། བུ་མོ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།