བོད་ཀྱི་ན་གཞོན་བསམ་བློ་བ་དབལ་ཤུལ་རང་བྱུང་ངོ་སྤྲོད།


 གཉན་པོ་གཡུ་རྩེ་དྲ་བ་ནས།

དེང་རབས་བོད་ཀྱི་ན་གཞོན་བསམ་བློ་བ་དང་གཞས་པ་ཏི་སེའི་བུ་རྒྱུད་དམ་དབལ་ཤུལ་རང་བྱུང་ལགས་ནི་མདོ་ཁམས་གསེར་རྟ་རྩྭ་ཐང་ནས་སྐྱེས་ཤིང་།༢༠༠༡ལོར་དར་མདོའི་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཏེ།རང་ཡུལ་གསེར་རྟ་བོད་ཡིག་སློབ་འབྲིང་ནས་དགེ་རྒན་གྱི་བྱ་བ་གཉེར།༢༠༠༣ལོར་གསེར་རྟའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་སུ་ལས་གནས་སྤོར་ཏེ་བོད་སྐད་མདོ་འཛིན་པ་དང་གསར་འགོད་པའི་བྱ་བ་གཉེར། སྔ་རྗེས་སུགངས་ལྗོངས་ཤེས་རིགདངབོད་ལྗོངས་གཞོན་ནུའི་ཚགས་པར》《ཁམས་པའི་བོད་ཡིག་ཚགས་པརསོགས་བོད་ཁུལ་ཀྱི་དུས་དེབ་དང་ཚགས་པར་སོགས་སུ་སྙན་རྩོམ་
དང་ལྷུག་རྩོན་བཅུ་ཕྲག་ཁ་ཤས་སྤེལ།༢༠༠༣ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཁོའི་སྙན་རྩོམ་ཆེད་དེབ་ཐོག་མ་དུངས་ཞེན་དཀར་པོཔར་བསྐྲུན་འགྲེམ་སྤེལ་བྱས། ༢༠༠༤ ལོར་སྙན་དེབ་གཉིས་པཧི་མ་ལའི་རེ་འབོདཔར་བསྐྲུན་བྱས། དེ་བཞིན་དུ་བོད་ཀྱི་དྲྭ་སྟེགས་ཐོག་མའི་གྲས་བོད་སྐད་ཡིག་ཟིན་སུ་བོད་ཡུལ་གྱི་གསར་འགྱུར་སྣ་ཚོགས་དང་མི་ཚེའི་འཚོ་བའི་ཁྲོད་ཀྱི་མྱོང་ཚོར་མང་པོ་བོད་ཕྱི་ནང་གི་རྒྱ་ཆེའི་ཀློག་པ་པོ་མང་པོའི་སྤྱན་ལམ་དུ་སྤེལ་བའི་ཟིན་བྲིས་མཁན་པོ་གོ་གནས་བཟུང་།  ༢༠༡༠ལོར་ཁོའི་རྒྱ་ཡིག་གི་དཔྱད་རྩོམ་བོད་ཁུལ་སློབ་མའི་ཀུན་སྤྱོད་གླེང་བཞེས་པར་ཀྲུང་གོའི་ནུབ་རྒྱུད་ཀྱི་དེང་རབས་དཔྱད་རྩོམ་དཔྱད་བསྡུར་ཁྲོད་སློབ་གསོའི་དཔྱད་རྩོམ་ཁག་ནས་བྱ་དགའ་ཨང་དང་པོ་ཐོབ།ལས་ཞོར་སློབ་སྦྱོང་གི་ཁྲོད༢༠༠༧ལོར་སུ་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་གླིང་ནས་སློབ་མཐར་ཕྱིན།༢༠༠༣ལོ་ནས་༢༠༠༦ལོའི་བར་བསྟུད་མར་ལོ་བཞི་ལ་དཀར་མཛེས་ཁུལ་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་མདོ་འཛིན་པའི་དཔྱད་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས། ༢༠༠༢ལོ་ནས་བཟུང་སྔ་རྗེས་སུ་ལྷ་མོའི་བླ་མཚོདང་གདུང་དམར་འགྲོ་བའི་ལས་དབང ཨར་ཇག་རི་བོའི་དྲག་རླུངསྲས་མོ་ཡེ་ཤེས་པཎ་རིག་འཛིན་དབང་མོའི་བརྙན་འཁོར་དུས་འགྱུར་གྱི་རང་གཤིསསོགས་བོད་ཁུལ་ཀྱི་གླུ་གཞས་བརྙན་འཁོར་དང་མི་སྣ་གྲགས་ཅན་ངོ་སྤྲོད་བརྙན་སྡེར་སོགས་བོད་ཀྱི་སྒྲ་བརྙན་འཁོར་བཅུ་ཕྲག་ཁ་ཤས་སུ་འགྲེལ་བཤད་དང་གླུ་གཞས་བླངས་ཡོད།༢༠༠༤ལོར་སྐབས་དང་པོའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་ཞུགས།༢༠༠༦ལོར་ཞིང་ལྗོངས་ལྔའི་བོད་ཀྱི་བརྙན་འཕྲིན་ལེ་ཚན་དཔྱད་བསྡུར་ཁྲོད་འགྲེལ་བཤད་པའི་ཨང་གཉིས་པ་ཐོབ།༢༠༠༧ལོའི་ཟླ་༩པར་ཁྲིན་ཏུའུ་བོད་ལྗོངས་མགྲོན་ཁང་ཆེན་མོའི་ལྷ་སའི་ཞོ་སྟོན་ལ་ཆེད་ཞུས་ལྟར་ཞོ་སྟོན་སྤྲོ་ཚོགས་ལ་ཞུགས།༢༠༠༨ལོར་ཁོའི་གླུ་གདངས་ཚིག་གསུམ་གྱི་བསྡུས་བསྒྲིགས་ཆེད་སྡེརབཙན་པོ་བོདཅེས་པ་འགྲེམ་སྤེལབྱས། ༢༠༡༠ལོར་ཁོའི་གླུ་གཞས་ཆེད་སྒྲིག་ཐོག་མཡར་ཀླུང་དཔའ་བོའགྲེམ་སྤེལ་བྱས།༢༠༡༠ལོའི་ཟླ་༡༢པར་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྡུས་པའི་བོད་ལྕགས་ཡོས་ལོའི་མཚོ་སྔོན་དམངས་ཁྲོད་ལོ་སར་དགོང་ཚོགས་ལ་ཞུགས་པ་སོགས་ལས་ངག་ཡིད་གསུམ་སྒྱུ་རྩལ་གྱི་ལམ་བུར་ཞུགས་ཏེ་གོམ་གང་མདུན་སྤོས་བྱེད་ཀྱིན་ཡོད་འདུག་ཅེས་ཁོའི་མི་ཚེའི་རྒྱུད་རིམ་ཁྲོད་ཀྱི་ལོ་རྒྱུས་ཟུར་ངོས་ཙམ་ངོ་སྤྲོད།  ལྷག་པར་དུ་བོད་མི་གཞུང་ཞབས་པ་ཚོའི་ཁྲོད་ནས་ནང་བསམ་བློའི་འཇོན་ཐང་དང་། གནས་ལུགས་ཀྱི་ངོ་གདོང་ཕུད་དེ་དྲང་བདེན་གྱི་མགོ་བོ་བཏེགས་ཕོད་མཁན་གྱི་གསར་བུ་སྙིང་སྟོབས་ཅན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ན་གཞོན་སྒྱུ་རྩལ་བ་དང་བསམ་བློ་བར་རློམ་པ་ཚོས་མིག་དཔེ་བྱེད་ཡུལ་ཅིག་རེད་འདུག་ཅེས་ངོ་སྤྲོད་བྱས་ཀྱང་འུད་དང་སྟོང་བསྟོད་ཙམ་མིན་སྙམ་པའི་སྤོབས་པ་ཆེན་པོ་ཡོད།
                        ཁོའི་སྐད་ཆའི་གནད་ནི།
ཆུང་དུས་ནས་གླུ་ལེན་སྒྱུ་རྩལ་ལ་དགའ་བས་སློབ་གྲྭའི་ར་བ་ནས་གཞས་བཏང་བཞིན་ནར་སོན་པའི་གོམས་གཤིས་ཀྱི་དབང་གིས། བོད་སྤྱི་ཚོགས་ཀྱི་གྲལ་འདབས་འདི་ནས་རང་གི་འདང་བརྩེ་དང་རེ་སྨོན་མཚོན་པའི་སྒྱུ་རྩལ་གྱི་ལམ་བུ་བཟུང་སྟེ་མུ་མཐུད་མདུན་དུ་སྐྱོད་ངེས་ཡིན་ལ།ནམ་ཞིག་ལ་བོད་མདོ་དབུས་ཁམས་གསུམ་གྱིས་བོད་ནང་ཁུལ་གྱི་ཕྲག་དོག་དང་ཞེ་སྡང་ཡོངས་སུ་དོར་ནས་འགྲིག་མཐུན་གྱི་ལག་རྡང་སྦྲེལ་ཏེ་ཕན་ཚུན་རྒྱབ་སྐྱོར་དང་རོགས་འདེགས་བྱེད་པའི་དུས་སྐབས་ཤིག་མངོན་གྱུར་ལ་རྟག་ཏུ་རེ་སྒུག་བྱས་ཡོད་ཟེར་བ་དེའོ། །

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།