ས་ནག་གཞས་ཚོགས་ཀྱིས་བརྙན་འཁོར་འགྲེམ་སྤེལ་ཆེད་ཚོགས་ཉེ་ཆར་སྤེལ་བའི་གནས་ཚུལ།


 ས་ནག་གཞས་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་བའི་བརྙན་འཁོར་འགྲེམ་སྤེལ་ཆེད་ཚོགས་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ལ་ཀླུ་ཆུ་རྫོང་ན་སྤེལ་རྒྱུའི་སྟ་གོན་བྱེད་བཞིན་ཡོད། གོ་ཐོས་སུ་བོད་ཀྱི་གླུ་བ་གྲགས་ཅན་སྒྲོལ་མ་སྐྱབས། བདེ་སྦྱིན་ཚེ་རིང་དང་འོད་གཞུག་སྐྱིད་སོགས་ཆེད་དུ་ཕེབས་ནས་བརྙན་འཁོར་འགྲེམ་སྤེལ་ཆེད་ཚོགས་ལ་རྒྱབ་སྐྱོར་དང་རྟེན་འབྲེལ་མཉམ་འབུལ་བྱེད་རྒྱུ་རེད་ཟེར། ཐེངས་འདིའི་བརྙན་འཁོར་ཆེད་ཚོགས་འདི་ནི་ས་ནག་གཞས་ཚོགས་ཀྱིས་གཙོ་སྒྲུབ་བྱས་ལ། རྡོ་ལོ་གློག་བརྙན་ཀུང་ཟིས་ཞོར་ཁུར་མཛད་པ་ཡིན།

ས་ནག་གཞས་ཚོགས་ཀྱི་བརྙན་འཁོར་ཆེད་ཚོགས་ཀྱི་བརྡ་ཁྱབ། 
༼པར་དབང་ས་ནག་གཞས་ཚོགས་ལ་དབང་།༽

        བཤད་ཚུལ་ལ་རང་ཉིད་འཚོ་བའི་གངས་ཅན་བོད་ཡུལ་འདི་ནི་འཇིག་རྟེན་སྟེང་དུ་ལུས་པའི་ཆེས་མཐའ་མཇུག་གི་དག་གཙང་དྲི་མེད་ཀྱི་གནས་མཆོག་སུམ་རྩེན་ལ་དོ་ཟེར། ཡིན་ནའང་དེང་རབས་འཕྲུལ་ཆས་ཅན་དང་ཡོད་ཚད་འཕྲུལ་ཆས་ཀྱིས་བསྐྲུན་ཞིང་གནའ་བོའི་བོད་མིའི་སྲོལ་རྒྱུན་གྱི་འགྲོ་ལུགས་དང་ལག་རྩལ་དང་རིང་དུ་བྲལ་བའི་སྐབས་འདི་ལ། ང་ཚོ་མགོ་ནག་བོད་པའི་རིགས་རྒྱུད་འདི་འཚོ་སའི་རྩ་ཐང་དང་རི་ཆུ། ཞིང་གྲོང་དང་འབྲོག་ཁུལ། གནས་མཆོག་འདི་ལ་རབ་རིབ་ཏུ་བདུད་ཀྱི་དུ་ནག་འཁྲུག་ཤིང་སད་ཀྱི་བཅོམ། དེ་མུར་དམངས་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་བྱེད་རྒྱུ་ནི་བོད་མི་རེ་རེའི་ཁྲག་ཏུ་ བབ་པའི་འོས་འགན་བཞིནའདུག་པས། རང་རིགས་ཀྱི་གསར་སྐྱེས་ཀྱི་གླུ་གཞས་ཚོགས་པ་ས་ནག་གཞས་ཚོགས་ཀྱིས་ཀྱང་རང་ནུས་གང་འདོན་གྱིས་བརྙན་འཁོར་འདི་ཉིད་ཁྱབ་དུ་མ་ཡུམ་གངས་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་སྤེལ་བ་རེད། 
མཚོ་སྔོན་བོད་རིགས་དྲ་བ་ནས།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།