སློབ་རྭའི་གླུ་བ་གྲགས་ཅན་བསོད་ནམས་མགོན་པོས་གླུ་ལེན་ཆེད་ཚོགས་བསྡུས་པ།

གླུ་ལེན་ཆེད་ཚོགས་ཀྱི་རྒྱབ་ལྗོངས་རི་མོ།
ཟླ11བའི་ཚེས12ཉིན་གྱི་དགོང་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡུའུ་གྲོང་སློབ་ཁུལ་ནས་སློབ་རྭའི་གླུ་བ་གྲགས་ཅན་བསོད་ནམས་མགོན་པོས་གླུ་ལེན་ཆེད་ཚོགས་ཤིག་བསྡུས་ཤིང་། རྒྱ་ཆེ་བའི་དགེ་སློབ་ཀུན་ཁོ་བོའི་ཆེད་ཚོགས་ལ་ཞུགས་པ་དང་། སྙན་ཞིང་འཇེབས་པའི་གཞས་དབྱངས་ཀྱི་འགྱུར་ཁུག་ལས་འདིར་བཞུགས་དགེ་རྒན་དང་སློབ་གྲོགས་ཡོངས་ཀྱི་བསྟོད་བསྔགས་ཡང་ཡང་ཐོབ་པ་རེད།

གར་སྟེགས་སྟེང་གི་ཁོ།
ཁོས་རང་གི་སྒྱུ་རྩལ་ལམ་བུའི་ཕྱོགས་ནས་གོམ་པ་མ་ལྷོད་པར་རྨི་ལམ་གྱི་གར་སྟེགས་འདི་སེམས་སུ་ཉར་ནས་ཡུན་རིང་འགོར་ལ། ད་བར་དུ་བརྩོན་སེམས་གང་མང་སྤྱད་དེ་རྡུང་ལེན་དང་དེང་རབས་གླུ་གཞས་སོགས་མཉམ་བསྲེས་སྒོས་སློབ་གྲྭ་འདི་ན་སྒྱུ་རྩལ་གྱི་ཕྱོགས་ཀུན་ནས་ཁྱབ་རྒྱ་ཆེ་རུ་བཏང་ཡོད།
ཐེངས་འདིའི་ཆེད་ཚོགས་ནི་དམིགས་བསལ་གྱི་འབྲས་བུ་ཞིག་ཐུར་དུ་དཔྱངས་བ་ལྟ་བུའི་དགོས་འདོད་ཀྱི་ཁ་སྐོང་ཞིག་ཏུ་སྣང་ཞིང་། འདི་ནི་ཐེངས་དང་བོའི་གླུ་ལེན་ཆེད་ཚོགས་ཞིག་ཡིན་པས་ཁོ་བོ་ལ་མཚོན་ན་དངོས་གནས་བརྗོད་ཐབས་བྲལ་བའི་དགའ་སྤྲོ་ཞིག་ངང་ངམ་ཤུགས་ཀྱིས་འཁོལ་བྱུང་། ད་བར་དུ་ཁོས་རྡུང་ལེན་འགྲན་བསྡུར་དང་སློབ་རྭའི་གླུ་གཞས་འགྲན་བསྡུར་ཁྲོད་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་ལ། རྗེས་ཕྱོགས་ཀྱང་ཁོའི་སྒྱུ་རྩལ་ལམ་བུའི་ཕྱོགས་ནས་གཡུར་དུ་ཟ་བའི་འབྲས་བུ་ལོན་པར་སྨོན་འདུན་ཞུ།
མཚོ་སྔོན་པོ་དྲ་བ་ནས༎

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།