མ་སྐྱེས་ཨ་མའི་གཞས་ཚོགས་ཀྱིས་ཟི་ལིང་དུ་དགེ་སྒྲུབ་གླུ་གཞས་ཆེད་ཚོགས་སྤེལ་རྒྱུ་རེད།




མ་སྐྱེས་ཨ་མའི་གཞས་ཚོགས་ཀྱི་དགེ་སྒྲུབ་གླུ་གཞས་ཆེད་ཚོགས་ཀྱི་འགྲེམ་སྤེལ་པར་རིས།
  སི་ཁྲོན་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་བོད་ཀྱི་གཞས་ཚོགས་རྟིང་རྩོད་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་པའི་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱི་ཐོག་མའི་གླུ་གཞས་ཆེད་ཚོགས་དེ་ཟླ12པའི་ཚེས16ཉིན་ཟི་ལིང་དུ་འཚོགས་རྒྱུ་རེད། 
  ཐེངས་འདིའི་གླུ་གཞས་ཆེད་ཚོགས་ནི་མ་སྐྱེས་ཨ་མའི་གཞས་ཚོགས་ཀྱི་ཁོངས་མི་དྲུག་པོས་མ་དངུལ་བཏང་ནས་སྤེལ་བ་ཡིན་ཞིང་། གླུ་གཞས་ཆེད་ཚོགས་སྟེང་ཐོབ་པའི་ཡོང་སྒོ་མཐའ་དག་དགུན་ལྭ་དང་སློབ་སྦྱོང་མཁོ་ཆས་ཐད་སྤྱད་ནས་མཚོ་སྔོན་ཞིང་ཆེན་བྱམས་བརྩེ་ཤེས་རིག་དྭ་ཕྲུག་སློབ་གྲྭ་ལ་ཞལ་འདེབས་སུ་ཕུལ་རྒྱུ་རེད། དྭ་ཕྲུག་སློབ་གྲྭ་འདི་ནི་མཚོ་ལྷོ་ཁུལ་མང་རྫོང་གི་རུ་སྔུན་བླ་མ་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མ་ལགས་ཀྱིས་མ་དངུལ་བསྡུས་ནས་བཙུགས་པ་ཡིན་ཞིང་། ཁྱོན་སྡོམ་དྭ་ཕྲུག50དང་ལས་བྱེད་མི་སྣ8ཡོད་པ་རེད། 
  རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དགེ་སྒྲུབ་གླུ་གཞས་ཆེད་ཚོགས་ལ་བོད་ཀྱི་གླུ་བ་མང་པོའི་རྒྱལ་སྐྱོར་དང་ཐུགས་ཁུར་ཐོབ་པ་སྟེ། བོད་ཀྱི་གླུ་བ་ཀུན་དགའ་དང་། ཤེར་བསྟན། ཆོས་རྒྱལ། ཨ་བསམ་སོགས་ཆེད་ཚོགས་སྟེང་ཞུགས་ནས་རྟེན་འབྲེལ་ཞུ་རྒྱུ་རེད།
 མཚོ་སྔོན་པོ་དྲ་བ།

འབྲེལ་ཡོད་དྲ་འབྲེལ།བྱམས་བརྩེ་ཤེས་རིག་དྭ་ཕྲུག་སློབ་གླིང་། www.amdotibet.com/special/razm/index.html

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།