བསྐལ་བཟང་ཉི་མའི་ཆེད་སྒྲིག་བརྙན་འཁོར་ཐོག་མ《གངས་ལྗོངས་བསྟོད་གླུ》འགྲེམ་སྤེལ་བྱས་པ།




བསྐལ་བཟང་ཉི་མའི་ཆེད་སྒྲིག་བརྙན་འཁོར་ཐོག་མ《གངས་ལྗོངས་བསྟོད་གླུ》ཞེས་པའི་འགྲེམ་སྤེལ་པར་རིས།
  བསྐལ་བཟང་ཉི་མ་ནི་ཆུང་དུས་ནས་གླུ་གཞས་དང་ཞབས་བྲོ་ལ་དགའ་ཞེན་ཆེ་བའི་ན་གཞོན་ཞིག་ཡིན་ཞིང་། ཁོང་གིས་དུས་དང་རྣམ་པ་ཀུན་དུ་གླུ་དབྱངས་དེ་མི་ཚེའི་རེ་འདུན་ཉག་ཅིག་ཏུ་བཟུང་ནས་དེའི་ཕྱོགས་སུ་བརྩོན་པ་ལྷུར་ལེན་བྱས་མཐར་ཆེད་སྒྲིག་བརྙན་འཁོར་ཐོག་མ《གངས་ལྗོངས་བསྟོད་གླུ》ཞེས་པ་འགྲེམ་སྤེལ་བྱས། དེའི་ནང་དུ《གངས་ལྗོངས་བསྟོད་གླུ》དང་། 《དྲན་གདུང》《འགྱོད་སེམས》《ལྷན་འཛོམས》《ཨ་མ》སོགས་གླུ་གཞས་མང་དུ་འདུས་ཤིང་། སྒོས་སུ《ཕ་ཡུལ་གཅན་ཚ》དང《དྲན་གདུང》ཞེས་པ་ནི་གསར་དུ་བརྩམས་པའི་གངས་ལྗོངས་བོད་ཡུལ་གྱི་ཁྱད་ཆོས་གཟེངས་སུ་ཐོན་ཞིང་ཀུན་གྱིས་ཉན་སྤྲོ་བའི་གླུ་གཞས་གཉིས་ཡིན་ནོ།།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།