གླུ་བ་ཨ་བསམ་གྱིས་ཐོག་དང་པོའི་ཆེད་བསྒྲིགས་གླུ་གཞས་འགྲེམ་ཚོགས་སྤེལ་པ།




གླུ་བ་ཨ་བསམ་གྱིས་ཡུལ་དངོས་སུ་ཆེད་བསྒྲིགས་གླུ་གཞས་འགྲེམ་འཚོང་མིང་རྟགས་འགོད་པ།
          ཟླ11པའི་ཚེས29ཉིན།  བོད་རིགས་གླུ་བ་ཨ་བསམ་གྱིས་ཐོག་དང་པོའི་ཆེད་བསྒྲིགས་གླུ་གཞས《སྐྱེ་སྲོག་གི་འབོད་སྐུལ》ཞེས་པའི་འགྲེམ་སྤེལ་ཚོགས་འདུ་བསྡུས་ཤིང་།  རྒྱུས་ལོན་བྱུང་བ་ལྟར་ན།  ཆེད་བསྒྲིགས་འདིའི་དུས་ཡུན་ལོ་བཞི་འགོར་བ་དང་།  དེའི་ནང《བདེ་མོ་བྱོས། ཚེ་འདིར་ཆེས་དགའ་བའི་མི》ཞེས་པ་དང་།  《སྐྱེ་སྲོག་གི་འབོད་སྐུལ》།  《སེམས་ཁོང་གི་རྡོ་རྗེ་ཕ་ལམ》། 《སེམས་ཀྱི་གནས་མཆོག      གངས་ལྗོངས》སོགས་རྣམ་པ་སྣ་ཚོགས་ཀྱི་གླུ་གཞས11ལྷག་འདུས་ཡོད་པ་རེད།   

བོད་རིགས་གླུ་བ་ཆོས་རྒྱལ་གྱིས་ཨ་བསམ་གྱི་ཆེད་བསྒྲིགས་གླུ་གཞས་
འགྲེམ་ཚོགས་ལ་རམ་འདེགས་གླུ་གཞས་ལེན་པ།
          བོད་རིགས་གླུ་བ་ཨ་བསམ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དུ་སྐྱེས་ཤིང་།  ཁོས་བཏང་བའི་གཞས《ཁམས་པའི་བུ་མོ》དང་། 《སྒྲོལ་མ་ལྷ་མོ》སོགས་སྔ་མོ་ནས་བཟུང་ཁྱབ་སྒྲོག་བྱས་ཡོད་པ་དང་།  2008ལོར་ཨ་བསམ་གྱིས་ཟི་ལིང་དུ་ཐོག་དང་པོའི་ཆེད་བསྒྲིགས་དགོང་ཚོགས་སྤེལ་ནས་མང་ཚོགས་ཀྱིས་དགའ་བསུ་བྱེད་ཅིང་ལས་རིགས་ཁག་གིས་གདེང་འཇོག་ཆེན་པོ་གནང་བ་རེད། 
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།