གླུ་བ་བསམ་ཁོའི་ཆེད་བསྒྲིགས་གསར་བ་ད་ལོའི་ལོ་མཇུག་བར་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ།



གླུ་བ་བསམ་ཁོ།
          དེ་སྔོན་བོད་ཀྱི་ལོ་སར་ཐོན་ལ་ཉེ་དུས།  གླུ་བ་བསམ་ཁོ་ཁོམ་སྐབས་བཙལ་ཏེ་གདན་འདྲེན་ཞུས་པ་ལྟར་བོད་ལྗོངས་བརྙན་འཕྲིན་ཁང་དང་།  ཁམས་པའི་བརྙན་འཕྲིན་ཁང་།  ལྷ་སའི་བརྙན་འཕྲིན་ཁང་བཅས་ཀྱི་ལོ་སར་དགོང་ཚོགས་ལ་ཞུགས་ཤིང་།  དགོང་ཚོགས་ཡུལ་དངོས་སུ་ཁོང་གི་མིང་གྲགས་གླུ་གཞས《བཟང་དྲུག་སྤུས་ཀྱི་དྲི་བསུང》དང་གཞས་གསར《ལྷ་སའི་བུ་མོ》གཉིས་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་རྣ་བའི་གསོས་སུ་ཕུལ།  
          ཉིན་ཤས་སྔོན《བོད་ལྗོངས་ཀྱི་གསང་བ》ཞེས་པའི་བརྙན་འཕྲིན་ཕབ་སྐྲུན་ལེགས་འགྲུབ་བྱུང་རྗེས། བསམ་ཁོ་ཡང་བསྐྱར་གཞས་དུངས་གྲོགས་པོ་རྣམས་ཀྱིས་རེ་སྒུག་བྱེད་བཞིན་པའི་ཁོང་གི་བོད་སྐད་གླུ་གཞས་ཆེད་བསྒྲིགས་ཐོག་མར་སྟ་གོན་གྱི་བྲེལ་ལ་འཚུབ་པ་དང་།   ཆེད་བསྒྲིགས་གསར་བ་འདིར་མི་རིགས་ཀྱི་ཁ་དབུགས་སྟུག་ཅིང་གྲོང་གསེབ་ཀྱི་རྣམ་པ་དོད་པས་གླུ་བ་བསམ་ཁོའི་རང་གཤིས་ཅན་གྱི་རོལ་མོའི་རྣམ་པ་འབུར་དུ་ཐོན་ཡོད།  རྒྱུས་ལོན་པ་ལྟར་ན་ད་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པར་བཤད།
མཚོ་སྔོན་པོ་དྲ་བ།

No comments:

Post a comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།