ཨ་ལན་ཟླ་བ་སྒྲོལ་མ་རོལ་མོའི་བརྙན་ཕྲན་དུ་མཛེས་མའི་གཤིས་གཉིས་འཁྲབ་སྟོན་བྱས་པ།



ཨ་ལན་ཟླ་བ་སྒྲོལ་མ།
          ཉེ་ཆར། ཧྭ་བརྙན་འཕེལ་འཕྲིན་གྱིས“བརྙན་ཕྲན”ཁྱབ་ཁོངས་སུ་ནུས་པ་ལེགས་པོ་བཏོན་ཏེ།  “འཁྲབ་སྟོན་པའི་བརྙན་ཕྲན”གྱི་རྣམ་པ་དམིགས་སུ་བཟུང་ནས“ཁྱེད་ཀྱིས་བྲིས་ནས་ངས་འཁྲབ་སྟོན་དང་། ཁོས་ཕབ་སྐྲུན”གྱི་གློག་བརྙན་རྣམ་པ2.0ཅན་བེད་སྤྱད་ཅིང་།  ཕྱོགས་ཡོངས་རྣམ་པ་གསར་བའི་ཕུལ་བྱུང་གསར་སྐྲུན་ལས་བསྟུད་མར་ཕུལ་བྱུང་གི་བརྙན་ཕྲན་བརྩམས་ཆོས་འགའ་ལེགས་འགྲུབ་བྱུང་།
          “མཚན་བྱང་གཏན་བཟོའི་བརྙན་ཕྲན”དང་།  “སློབ་རའི་བརྩེ་དུང་བརྙན་ཕྲན”།  “འགུལ་མེད་དུས་རབས་དཔེ་གསར་གྱི་བརྙན་ཕྲན”། “འཁྲབ་སྟོན་པའི་རོལ་མོ་བརྙན་ཕྲན”བཅས་ཀྱི་རྗེས་སུ།  ཧྭ་བརྙན་འཕེལ་འཕྲིན་གྱིས་ཡང་བསྐྱར་ཐོག་མའི“སྐད་གཉིས་བརྙན་ཕྲན”གྱི་སྟེགས་བུ་སྐྲུན་ཞིང་།  ཡ་གླིང་ན་མིང་དུ་གྲགས་པའི་ཨ་ལན་ཟླ་བ་སྒྲོལ་མས་རོལ་མོའི་བརྙན་ཕྲན་འདི་ལ་རོགས་འདེགས་གནང་བ་དང་། ཕ་ཡུལ་དཀར་མཛེས་ནས་ཉི་ཧོང་ཐོ་ཁེའོ་ཡི་བརྒྱུད་ལམ་ཁྲོད་ཁོ་མོའི་སྙན་འཇེབས་ཀྱི་གཞས་དབྱངས་ལ་ཡ་གླིང་གི་ས་ཆ་གང་མང་དུ་དགའ་བསུ་བྱེད་ཀྱི་ཡོད་པ་རེད། 
          ཨ་ལན་རོལ་མོའི་གློག་བརྙན《ངའི་གཤིས་གཉིས་གྲོགས་མོ》ཞེས་པའི་འཚོལ་བསྡུ་བྱ་འགུལ་ཁྲོད་ཀྲུང་གོའི་གློག་བརྙན་གྱིས“ངེད་དྲ་བར་སྤྲས་བརྒྱན་པ”ཞེས་པའི་སྟེགས་བུ་ཞིག་སྐྲུན་པ་དང་།  ལྷག་པར་དུ་བྱ་དགའ་མཐོན་པོ་བཀོད་སྒྲིག་གནང་སྟེ་ཕུལ་བྱུང་བརྩམས་ཆོས་ཤིག་འབྱུང་བར་རེ་ལྟོས་བྱས། 
          ཐེངས་འདིར་ཨ་ལན་བརྙན་ཕྲན་གྱི་ཕབ་སྐྲུན་ནི་ཧྭ་བརྙན་འཕེལ་འཕྲིན2012ལོའི་འཁྲབ་སྟོན་པའི་བརྙན་ཕྲན་གྱི་བརྩམས་ཆོས་སྔོན་ཐོན་དུ་སྣང་ལ།  དྲག་པོ་དང་དྲག་པོ་མཉམ་འབྲེལ་བྱས་ན་བརྙན་ཕྲན་གསར་སྐྲུན་གྱི་རྦ་རླབས་གཞན་ཞིག་འཕྱུར་ངེས།  རྒྱུས་ལོན་པ་ལྟར་ན། ཨ་ལན་རོལ་མོའི་གློག་བརྙན《ངའི་གཤིས་གཉིས་གྲོགས་མོ》མིག་སྔར་ཕབ་སྐྲུན་གྱི་དཀའ་ཚེགས་བྱ་བ་མཇུག་སྒྲིལ་པ་དང་མི་འགྱངས་བར་ལེགས་འགྲུབ་འབྱུང་བར་རེ་བ་ཡོད་པ་རེད།
མཚོ་སྔོན་པོ་དྲ་བ།

No comments:

Post a comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།