བོད་རིགས་གླུ་བ་གཡུང་དྲུང་རྒྱལ་གྱི་གཟི་ཚ་སྡེ་དགུ་རུ་གླུ་གཞས་གསར་སྐྲུན་གྱི་ཚོར་འདུ།



བོད་རིགས་གླུ་བ་གཡུང་དྲུང་རྒྱལ།
          《ངོ་མཚར་ཆེ་བའི་གཟི་ཚ་སྡེ་དགུ》ཞེས་པ་ནི1998ལོར་ཁོས་བྲིས་པའི་གླུ་གཞས་ཤིག་ཡིན་ཞིང་།  སྐབས་དགུ་བའི་གླུ་གཞས་འགྲན་བསྡུར་སྟེང་དགའ་བསུ་ཐོབ་པའི་བྱ་དགའ་ལོན་པ་དང་།  གླུ་གཞས་འདིས་ཁོ་རང་དངོས་གནས་མཚན་སྙན་རྒྱས་པར་གྱུར། 
          ཁོ་བོ1991ལོར་སི་ཁྲོན་རྔ་བ་དགེ་ཐོན་སློབ་གྲྭའི་རྒྱའི་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན་པ་དང་།  སྐབས་དེར་གླུ་གཞས་ལ་ཧ་ཅང་དུངས་ནའང་མ་དངུལ་མེད་པའི་ཁར་ཁྲིན་ཏུའུ་རུ་བསྡད་དེ་ཡུལ་སྐོར་སྣེ་ཤན་པ་ཞིག་བྱེད་པ་ལས་ཐབས་གཞན་མ་མཆིས་ཤིང་། 1993ལོར་ཡུལ་སྐོར་རུ་ཁག་དང་མཉམ་དུ་གཟི་ཚ་སྡེ་དགུ་ལ་སླེབས་རྗེས། གནས་དེའི་རང་བྱུང་མཛེས་ལྗོངས་ཀྱིས་ཁོ་བོའི་ཡིད་སེམས་རབ་ཏུ་བཀུག་པས་ཁྲིན་ཏུའུ་ལ་ཕྱིར་མ་སོང་པར་གཟི་ཚ་སྡེ་དགུ་གཡས་གཡོན་གྱི་གསོལ་ཁང་ཞིག་ཏུ་ཞབས་ཞུ་བ་བྱས།  དེའི་རྗེས་ནས་སྔ་གཞུག་ཏུ་འབྲེལ་ཡོད་གཟི་ཚ་སྡེ་དགུའི་གླུ་གཞས་མང་པོ་གསར་བསྐྲུན་གནང་ཡོད་པ་དང་། དེ་ལས་ཆེས་མིང་དུ་གྲགས་པ་ནི《ངོ་མཚར་ཆེ་བའི་གཟི་ཚ་སྡེ་དགུ》ཞེས་པ་དེ་ཡིན་ལ། 《མཐོ་སྒང་གི་མཁུར་ཚོས་དམར་པོ》ཞེས་པའང་ཁོ་བོའི་མིང་གྲགས་ཀྱི་ཆེད་གཞས་གཞན་ཞིག་ཡིན།     མིང་དུ་གྲགས་རྗེས་ཁོ་བོ་གླུ་བ་ཞིག་བྱེད་པའི་ཡུན་རིང་གི་རྨི་ལམ་དངོས་སུ་མངོན་འགྱུར་བྱེད་ཐུབ་པ་བྱུང་། 
          དུས་སྐབས་དེར་ཁོ་བོས་དེང་རབས་དཔེ་གསར་གླུ་གཞས་དག་གིས་མི་དམངས་རྣམས་རང་ཉིད་ཀྱི་མི་རིགས་རིག་གནས་དང་བར་ཐག་རིང་དུ་བཀྱེད་ཡོད་པར་བསམ་ཏེ་དོ་ཁུར་ཆེན་པོ་བྱས་ཤིང་། 2003ལོར་ཁོས་སེམས་ཐག་བཅད་དེ་དམངས་ཁྲོད་དུ་སོང་ནས་དངོས་སུ་མྱོང་སྣང་དང་སློབ་སྦྱོང་བྱས།  ཁོས་བཤད་རྒྱུར“ང་ནི་བོད་པ་ཞིག་ཡིན་ནའང་བོད་ཁུལ་གྱི་ས་ཁུངས་ཆེ་ཞིང་གླུ་གཞས་ཀྱི་རྣམ་པའང་སྣ་ཚོགས་སུ་སྣང་བས། ལོ་གསུམ་གྱི་དུས་ཡུན་བེད་སྤྱད་དེ་བོད་ཁུལ་ས་ཆ་སོ་སོར་སོང་རྗེས། 2007ལོར་ཡང་ལི་ཕིན་དང་མཉམ་དུ་རང་བྱུང་གླུ་གར་ཆེན་མོ《བོད་ཀྱི་གབ་ཕྱུང》ཞེས་པ་གསར་སྐྲུན་གནང་བ་ཡིན”ཟེར། 
          སྔར་ལས་ལྷག་པར་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པར། གཡུང་དྲུང་རྒྱལ་གྱིས་སྔ་གཞུག་ཏུ་མ་དངུལ་བཏང་སྟེ་གཟི་ཚ་སྡེ་དགུའི་ཟློས་གར་ཁང་དང་། ལྷ་ས་གཡུང་དྲུང་རྒྱལ་སྒྱུ་རྩལ་འཁྲབ་སྟོན་ཕོ་བྲང་།  སེམས་ཀྱི་ཉི་ཟླའི་རྫོང་རིག་རྩལ་ལྟེ་གནས་ཟློས་གར་ཁང་ཆེན་མོ་སོགས་འཛུགས་སྐྲུན་གནང་ཞིང་།  ཟློས་གར་ཁང་འདི་དག་ལས་འཁྲབ་སྟོན་བྱས་པའི་བོད་ཀྱི་ཕུལ་བྱུང་གླུ་གར་དག་གིས་མི་རིགས་ཀྱི་རིག་གནས་སྔར་ལས་ལྷག་པར་རྒྱུན་འཛིན་ལེགས་པོ་དང་འཛམ་གླིང་ས་ཁུལ་སོ་སོས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་རེ་འདུན་བགྱིས། 
          2011ལོར་གཡུང་དྲུང་རྒྱལ་དང《བོད་ཀྱི་གབ་ཕྱུང》ཞེས་པའི་འཁྲབ་སྟོན་རུ་ཁག“རིག་གནས་ཀྲུང་གོ —སི་ཁྲོན་རིག་རྩལ་དགོང་ཚོགས་ཆེན་མོ”ཞེས་པར་ཞུགས་པ་མ་ཟད།  ཡོ་རོབ་ཀྱི་རྒྱལ་ཁབ་སོགས་སུ་སྐོར་བསྐྱོད་འཁྲབ་སྟོན་བྱས།  དུས་སྐབས་དེར་ཁོ་ཚོས་ད་དུང་པེར་ཀྲེམ་རྒྱལ་ཁབ་ཀྱི་རྒྱལ་ས་པུརུ་སེར་ཡོ་རོབ་འདུ་ཚོགས་དང་།  ཧྥ་རན་སེའི་རྒྱལ་ས་ཕ་རི་སི། སུའེ་ཙེར་ཅིམ་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོ་རོབ་སྤྱི་ཁྱབ་ཁང་སོགས་སུ་འཁྲབ་སྟོན་བྱས་ཏེ། རྒྱ་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་ཚོའི་དགའ་བསུ་དང་ཁས་ལེན་ཐོབ།
          ཁོ་བོས“ང་ད་ལྟ་བོད་ལྗོངས་ལ་འགྲོ་རྒྱུ་ཡིན་ཞིང་། ནང་སྒོས་སུ་ཧ་ཅང་རྒྱལ་ཐག་རིང་བའི་ས་ཁུལ་དག་ནི་ང་རང་དངོས་གནས་ངལ་གསོ་བྱེད་ཐུབ་པའི་གནས་ཤིག་ཡིན་པ་དང་།  ད་ལྟ་ཏན་ཏན་ཡུལ་སྐོར་དུ་འགྲོ་བའི་དུས་ཚོད་ནི་བག་ཕྲ་ལ། ཕྱི་རྒྱལ་དུ་འཁྲབ་སྟོན་བྱེད་དུས་ཀྱང་གཙོ་ཆེར་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་ལ་དོ་སྣང་བྱེད་ཅིང་སེམས་སུ་རང་དབང་མེད་པར་གནས་དེའི་རིག་གནས་སྲུང་སྐྱོབ་བྱས་པ་ཤིན་ཏུ་ལེགས་པོར་སྙམ་ཏེ་དཔྱད་བསྡུར་བྱེད་ཀྱི་འདུག”ཟེར།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།