གླུ་བ་བཀྲ་ཤིས་ཉི་མའི་གླུ་གཞས་གསར་བ《སྤྲིན་པའི་ཁྲོད་ཀྱི་གདང་ལ》ཞེས་པ་འགྲེམ་སྤེལ་བྱ་རྒྱུ་རེད།



བོད་ཀྱི་གླུ་བ་གྲགས་ཅན་བཀྲ་ཤིས་ཉི་མ།
བོད་རིགས་ཀྱི་གླུ་བ་གྲགས་ཅན་བཀྲ་ཤིས་ཉི་མའི་བརྩམས་ཆོས་གསར་བ《སྤྲིན་པའི་ཁྲོད་ཀྱི་གདང་ལ》ཞེས་པ་མི་འགྱངས་པར་འགྲེམ་སྤེལ་བྱེད་རྒྱུ་ཡིན་ཞིང་། འདི་ནི་ཁོང་གི་གླུ་གཞས《ཚུལ་ཁྲིམས་ལྷ་མོ》ཞེས་པའི་རྗེས་ཀྱི་བརྩམས་ཆོས་གསར་བ་ཞིག་རེད།
《སྤྲིན་པའི་ཁྲོད་ཀྱི་གདང་ལ》ཞེས་པའི་བརྩམས་ཆོས་འདིའི་ཁྲོད་བོད་རིགས་གླུ་བ་བཀྲ་ཤིས་ཉི་མ་ལགས་ཀྱི་སྒྲ་འཛིན་གྱི་བཅུད་འཕྲོག་པར་བྱེད་པའི་སྐད་ངག་སྙན་མོར་བརྒྱུད་ནས་གདང་ལ་རི་བོའི་རྔམ་བརྗིད་དང་མཚར་ཉམས་སྔར་ལས་ལྷག་པར་མངོན་ཐུབ་ཅིང་། བྱེ་བྲག་ཏུ་གླུ་གཞས་མཁན་པོ་གུ་གེ་ལགས་ཀྱི་རང་བྱུང་ཁམས་ལ་དུངས་པ་དང་བོད་མི་རིགས་ཀྱི་གླུ་གཞས་ལ་སྤྲོ་བ་ཆེན་པོ་ལས་བྱུང་བའི་ལོ་རྒྱུས་ཀྱི་དགོངས་སྙིང་ཟབ་མོ་ལྡན་པའི་བརྩམས་ཆོས་འདིས་ང་ཚོ་གངས་རི་མུ་ཁྱུད་ཀྱིས་བསྐོར་ཞིང་དག་གཙང་གི་ཞིང་ཁམས་ཤིག་ཏུ་འདྲེན་པར་ངེས་སོ། །

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།