པདྨ་ཚེ་བརྟན་གྱི《དབུགས་ལྒང》ཞེས་པར་ཞང་ཀང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུའི་བྱ་དགའ་ཐོབ།



འཁྲབ་ཁྲིད་པ་པདྨ་ཚེ་བརྟན།
           ཟླ3པའི21ཉིན། སྐབས་བཅུ་བའི་ཞང་ཀང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུ(HAF)ཡིས2012ལོའི་བྱ་དགའ་རིགས་སོ་སོའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་།
           སྐབས་འདིའིHAFསྟེང་རྒྱལ་ཁབ45དང་ས་ཁུལ200ལྷག་གིས་གློག་བརྙན་འཆར་འགོད་ཀྱི་ཡར་ཞུའི་ཡི་གེ་བསྐུར་ཡོད་པ་དང་། མཇུག་མཐར་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་ཏེ་རྒྱལ་ཁབ་དང་ས་ཁུལ20ཡི་གློག་བརྙན་འཆར་འགོད32བདམས་ཐོན་འབྱུང་འཆར་ཡོད་པ་རེད། དེའི་ནང་ཨོ་གླིང་དང་། ཡ་མེ་ཉི་ཡ། ཀྲུང་གོ  ཇེ་ཁི། ཞང་ཀང་། ཧིན་རྡུ་ཉི་ཞི་ཡ། རྒྱ་གར། ཡེ་སི་ལེ། ཉི་ཧོང་། ལེ་པཱ་ནིན། མཱ་ལེ་ཞི་ཡ། ཧྥེ་ལུ་ཕིན། ཇེ་ཁི་སི་ལོ་ཧྥ་ཁི། ཁོ་རི་ཡ་ལྷོ་མ། ཐེ་ཝན། ཐེ་རྒྱལ་ཁབ་སོགས་འདུས།
           འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་འཁྲབ་གཞུང་གསར་བ《དབུགས་ལྒང》ཞེས་པར“ཞང་ཀང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུའི་བྱ་དགའ”རྒྱལ་ཁབ་ཕྱིའི་ཁྱབ་ཁོངས་ཀྱི་བྱ་དགའ་ཐོབ་པ་དང་།  ཞང་ཀང་སྒོར150000(ཧ་ལམ་ཨ་སྒོར19230)གནང་བ་རེད།
           ཁོང་གིས་མཚམས་སྦྱོར་བྱས་པ་ལྟར་ན། 《དབུགས་ལྒང》ཞེས་པས་གཙོ་བོ་རྣམ་ཤེས་དང་དོན་དངོས་བར་གྱི་འབྲེལ་བ་བརྗོད་པ་དང་། འཁྲབ་གཞུང་འདི་ལ་ཁོ་རེ་ཡའི་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང“ACF”འཁྲབ་གཞུང་འཕེལ་རྒྱས་ཐེབས་རྩའི་བྱ་དགའ་ཐོབ་མྱོང་ཟེར།
མཚོ་སྔོན་པོ་དྲ་བ།

No comments:

Post a Comment

སྐུ་ཉིད་ནས་བསམ་ཚུལ་འདོན་ཚེ་གཤམ་གྱི་ comment as ཡིག་སྒམ་ནང་ Anonymous བཞག། དེ་ནས་གཤམ་གྱི་ Publish གནོན།